首页 > 新闻动态 > 通知公告
尖扎县整治规范工程建设领域招标投标工作
举报方式的公告
来源:尖扎县人民政府办公室     时间:2023年11月14日    

根据县委、县政府统一部署,决定自20239月起,集中一年时间在全市开展整治规范工程建设领域招标投标工作,重点整治规范全市范围内202211日以来政府投资和使用国有资金依法必须进行招标工程建设项目中存在的问题和不正之风。

一、举报重点内容

1.招标人方面:违规干预和插手招标投标,为亲属和特定关系人谋取中标;违规将项目化整为零、肢解发包或者规避招标、搞虚假招标;将依法必须招标的工程建设项目转变为谈判、询比、单一来源采购等非招标方式发包;

2.招标代理机构方面:不履行或者规避招标投标法定程序,采取行贿、提供回扣或者输送不正当利益等非法手段承揽代理业务;干扰、诱导或者勾结评标专家意向评标;

3.投标人方面:围标、串标及弄虚作假骗取中标;

4.评标专家方面:与招标人、投标人、招标代理机构等串通,为特定投标人谋取中标;

5.中标人方面:将中标项目转包、分包给其他单位,只中标不履约;

6.市场公平公正方面:为谋求特定投标人中标而“定制参数”“量身打造”招标文件。

二、举报方式

全县广大干部和群众可以通过来信、来电、来访、网络等方式向尖扎县整治规范工程建设领域招标投标工作领导小组办公室提供有价值的问题线索。

具体举报方式如下:

1.举报电话:0973-8732960

2.信函邮递及来访地址:青海省黄南藏族自治州尖扎县纪委监委信访室;

3.电子邮箱:qinghai12388.gov.com

4.邮政编码:811299

三、受理时间

工作日上午8301200、下午14301800;受理时间截止到20249月中旬。

特此公告

 




                                 尖扎县整治规范工程建设领域招标投标

                                 工作领导小组办公室

                                  2023119


གཅན་ཚ་རྫོང་སྒྲིག་ཨུ་དང་ཞིབ་དཔྱོད་ཨུ་ལྷན་གྱི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འཇོན་འགུག་བྱ་བའི་ཐད་ཀྱི་གནད་དོན་གོང་གཏུག་བྱེད་སྟངས་སྐོར་གྱི་སྤྱི་བསྒྲགས

 

རྫོང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། 2023ལོའི་ཟླ9པ་ནས་བཟུང་། གཅིག་སྡུད་སྒོས་ལོ་གཅིག་གི་དུས་ཡུན་དུ་ཁུལ་ཡོངས་སུ་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འཇོན་འགུག་བྱ་བར་བཅོས་སྒྲིག་དང་ཚད་ལྡན་ཅན་དུ་གཏོང་བའི་བྱ་བ་སྤེལ་རྒྱུ་ཡིན་ལ། གཙོ་བོར་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྲིད་གཞུང་གི་མ་དངུལ་དང་རྒྱལ་དབང་མ་དངུལ་བེད་སྤྱད་པའི་ལས་གྲྭའི་འཇོན་འགུག་བྱ་བའི་ཁྲོད་ལྷག་པའི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་དག་བཅོས་སྐྱོང་བྱ་རྒྱུ་རེད།

གཅིག  ཐེར་འདོན་གོང་ཞུའི་ནང་དོན་གཙོ་བོ།

1.འཇོན་འགུག་མཁན་གྱི་ཐད་ནས། འཇོན་འགུག་བྱ་བར་སྒྲིག་འགལ་ངང་ཐེ་གཏོགས་དང་ཐེ་ཇུས་བྱེད་པ། གཉེན་ཉེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་ལ་སྒྲུབ་འགན་ཐོབ་ཐབས་བྱེད་པ། སྒྲིག་འགལ་སྒོས་རྣམ་གྲངས་ཧྲིལ་པོ་སིལ་འཁྲོལ་གཏོང་པ། དུམ་བུར་བགོས་ཏེ་སྒྲུབ་འགན་སྤྲོད་པའམ་ཡང་ན་འཇོན་འགུག་ལས་གཡོལ་ཐབས་བྱེད་པ། འཇོན་འགུག་རྫུན་མ་གཏོང་པ་སོགས་ཀྱི་མི་འོས་པའི་བྱ་སྤྱོད་རྣམས་དང་། ཁྲིམས་ལྟར་ངེས་པར་དུ་འཇོན་འགུག་བྱེད་དགོས་པའི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་དེ་གྲོས་མོལ་དང་། འདྲི་རྩད། འབྱུང་ཁུངས་གཅིག་རྐྱང་ཅན་གྱི་ཉོ་སྒྲུབ་སོགས་འཇོན་འགུག་མ་ཡིན་པར་སྒྲུབ་འགན་སྤྲོད་པ་སོགས་ཀྱི་བྱེད་སྟངས་རྣམས་ཡིན།

2.འཇོན་འགུག་ངོ་ཚབ་ལས་ཁུངས་ཀྱི་ཐད་ནས། ཁྲིམས་བཀོད་གོ་རིམ་ལག་བསྟར་མི་བྱེད་པའམ་དེ་ལས་གཡོལ་ཐབས་བྱས་ཏེ་ལྐོག་རྔན་སྤྲོད་པ་དང་།བར་ཁེ་སྤྲོད་པའམ་ཚུལ་མིན་གྱི་ཁེ་ཕན་སྐྱེལ་བ་སོགས་ཁྲིམས་དང་མི་མཐུན་པའི་བྱེད་ཐབས་སྤྱད་དེ་ལས་ཚབ་ལས་སྒོ་སྒྲུབ་འགན་ལེན་པ། སྒྲུབ་འགན་དཔྱད་བསྡུར་བྱེད་མཁན་གྱི་ཆེད་མཁས་མཁས་པས་སྒྲུབ་འགན་དཔྱད་བསྡུར་བྱེད་པར་འགལ་རྐྱེན་བཟོ་བའམ།གཡོ་བསླུ་དང་ངན་འབྲེལ་བྱེད་པའི་རིགས་རྣམས་ཡིན།

3.འཇོན་འགུག་སྒྲུབ་འགན་ལེན་མཁན་གྱི་ཐད་ནས། ནང་ཁུལ་གཡོ་འཐེན་དང་ནང་ཁུལ་ལྐོག་འབྲེལ་སྒོས་མི་བདེན་རྫུན་སྒྲིག་གི་སྒྲུབ་འགན་གཡོ་ལེན་བྱེད་པ།  

4.དཔྱད་སྡུར་ཆེད་མཁས་པའི་ཐད་ནས། འཇོན་འགུག་མཁན་དང་། སྒྲུབ་འགན་ལེན་མཁན། འཇོན་འགུག་ངོ་ཚབ་ལས་ཁུངས་བཅས་ལྐོག་འབྲེལ་སྒོས་དམིགས་བཙུགས་ཀྱི་སྒྲུབ་འགན་ཐོབ་ཐབས་བྱེད་པ།

5.སྒྲུབ་འགན་ཐོབ་མཁན་གྱི་ཐད་ནས། སྒྲུབ་འགན་ཐོབ་པའི་རྣམ་གྲངས་དེ་སྒྲུབ་འགན་བརྒྱུད་སྤྲོད་དང་། ཁག་བགོས་ཀྱིས་སྡེ་ཚན་གཞན་དག་ལ་སྒྲུབ་འགན་གཙང་ལེན་བྱེད་དུ་བཅུག་པ་ལས་ཁ་ཆད་ལག་བསྟར་མི་བྱེད་པ།

6.ཚོང་ར་དྲང་སྙོམས་དྲང་གཞག་ཡོང་བའི་ཐད་ནས། དམིགས་བསལ་གྱི་སྒྲུབ་འགན་ལེན་མཁན་ལ་སྒྲུབ་འགན་ཐོབ་ཐབས་བྱེད་ཆེད"གཏན་འཁེལ་ཞུགས་གྲངས"དང"ལུས་ཚད་ལ་གཞིགསནས་འཇོན་འགུག་ཡིག་ཆ་བཟོ་བ་བཅས་ཡིན།

གཉིས།  ཐེར་འདོན་གོང་ཞུ་བྱེད་སྟངས།

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕྲིན་ཡིག་དང་། ཁ་པར།་ངོ་གཏུག་དྲ་བ་བཅས་བརྒྱུད་ནས་གཅན་ཚ་རྫོང་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འཇོན་འགུག་བྱ་བའི་བཅོས་སྐྱོང་ཚད་ལྡན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་རིན་ཐང་ལྡན་པའི་གནད་དོན་གྱི་ཁུངས་སྣེ་མཁོ་འདོན་བྱེད་པར་འཚལ། ཐེར་འདོན་གོང་ཞུ་བྱེད་སྟངས་ཞིབ་ཕྲ་གཤམ་གསལ་ལྟར།

ཐེར་འདོན་ཁ་པར།0973-12388     8732960

ཡིག་བསྐུར་ངོ་གཏུག་ས་གནས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཡིག་བསྐུར་ངོ་གཏུག་ཁང་།

སྦྲག་ཨང་།  811299

དྲ་ཐོག་ཐེར་འདོན་གོང་ཞུ།    tp:///inghai12388.govcn/

གསུམ། བདག་སྤྲོད་བྱེད་པའི་དུས་ཚོད།

ལས་སྒྲུབ་ཉིན་མོའི་སྔ་དྲོའི་ཆུ་ཚོད8:30-12:00

ཕྱི་དྲོའི་ཆུ་ཚོད2:30-6:00

བདག་སྤྲོད་དུས་ཚོད2024ལོའི་ཟླ9པའི་ཟླ་དཀྱིལ་བར་ཡིན།

 

                                     གཅན་ཚ་རྫོང་སྒྲིག་ཨུ་དང་ཞིབ་དཔྱོད་ཨུ་ལྷན་གྱི་ལས་གྲྭ་འཛུགས་སྐྲུན་

                                     ཁྱབ་ཁོངས་ཀྱི་འཇོན་འགུག་བྱ་བའི་བཅོས་སྐྱོང་དང་ཚད་ལྡན་དུ་

                                      གཏོང་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།(ཚབ)

                                       2023ལོའི་ཟླ11ཚེས9ཉིན།