首页 > 新闻动态 > 尖扎新闻
尖扎县新型冠状病毒肺炎疫情防控处置工作指挥部通告〔2022〕第42号
来源:中共尖扎县委宣传部    时间:2022年08月26日    

尖扎县新型冠状病毒肺炎疫情防控处置工作指挥部通告

2022〕第42

 

根据当前疫情防控形势和《新型冠状病毒肺炎防控方案(第九版)》规定,结合我县核酸检测结果和专家组意见,经县疫情防控指挥部决定,自2022826日凌晨0时起,解除我县静态管理措施,县域内有序放开、有限流动、有效管控,逐步恢复正常生产生活秩序,现将有关事项通告如下:

一、恢复乡镇、村(社区)、小区人员、车辆在县域内有序流动。广大群众非必要不离县,尽量做到少出门、不串门、不扎堆、不聚集,进入各类公共区域(含公共交通工具)人员,须戴口罩、测体温、扫“双码”。村(社区)要加强日常管理,选派专人维护小区秩序,实行24小时值班值守制度,严格落实登记点人员排查登记。返(来)县人员要提前在线上(信用青海)、线下(社区、单位)报备,提供健康码、行程码及24小时内核酸检测阴性证明,并进行“落地检”。机关、企事业单位恢复正常办公秩序。

二、继续全面排查重点人员,特别是加大对西藏、新疆等省外中高风险地区和省内海西州、玉树州、海东市、黄南州同仁市等涉疫地区返(来)县人员的排查管控力度,做到应排尽排,捞干筛净风险点,返(来)县后严格落实分级管控措施。

三、马克唐镇苹果园小区9号楼于8260时降为中风险区;马克唐镇苹果园小区1号至8号楼于8260时降为低风险区。中风险区执行“人不出区、错峰取物”等管控措施;低风险区实行个人防护、避免聚集等防控措施。重点区域和集中隔离点、一线工作人员闭环管理酒店等重点场所,继续严格执行从严从紧从细从实的各项管控措施。在全县范围内每周开展2次常态化全员核酸检测。

四、有序恢复农贸市场、商超、宾馆酒店、理发店、加油站等民生公共服务场所营业。逐步恢复餐饮行业经营,经营前对经营场所、设备设施、餐饮器具等进行全面彻底消毒消杀和安全隐患排查,所有餐饮场所禁止堂食和非经营人员进入,仅提供外卖和打包服务,做到无接触支付、配送餐,避免人员聚集。暂缓开放网吧、酒吧、KTV、足浴、台球厅等娱乐休闲场所和文化馆、图书馆、博物馆、电影院等密闭式文化活动场所。各类宗教场所继续实行“双暂停”(暂停开放场所、暂停一切集体宗教活动)管理。养老服务机构、福利机构、救助管理机构继续实行封闭管理。所有景区景点经评估后有序开放。

五、加强大型聚集活动管理,严格控制各类会议、活动,暂不举办大型会议、论坛、展会、婚宴、夜市等聚集性活动,倡导喜事缓办、丧事简办、宴会不办。各类社会培训机构暂停组织培训。

六、医疗机构要加强院感防控,持续发挥“哨点”作用,严格执行预检分诊和首诊负责制。零售药店要做好退烧药、止咳药、抗菌素和抗病毒等“四类”药品疫情监测,严格落实实名购买登记制度,发现发热等异常症状人员,应主动向主管行业部门报告。

七、教育部门要严格落实县内外师生管理。及时排查教师、学生赴省外、省内中高风险地区返县情况,全面摸清、准确掌握师生所在地区、返回时间、健康状况等信息。要根据开学时间安排要求在外的教师、学生提前返县,并在第一时间线上(信用青海)、线下(社区、学校)报备,按照规定落实防控措施。

八、坚决落实“疫情要防住、经济要稳住、发展要安全”要求,坚持疫情防控和项目建设“两不误”,在做好疫情防控的前提下,主动进位,靠前服务,精准精细抓好项目调度,及时跟进解决问题,积极稳妥推进企业复工复产和重点项目、重大工程建设,加强对建设工地的闭环管理。

九、参与一线防疫工作的医护人员持续落实现行闭环管理措施,下沉党员、志愿者、村(社区)工作人员等落实好自我健康管理,实施“32检”,加强个人防护,如出现咽痛、干咳、发热、乏力、嗅(味)觉减退等不适症状时,及时向单位、属地双报告,立即前往发热门诊就诊。

十、广大群众要继续做好个人防护,坚持戴口罩、勤洗手、常通风、少聚集、保持安全社交距离、错峰用餐等良好生活习惯,关注自身健康状况,如出现咽痛、干咳、发热、乏力、嗅(味)觉减退等不适症状时,立即前往发热门诊就诊。严格遵守“解封不解防,解封不解控”的原则,积极遵守防疫规定,科学做好个人防护。

 

 

                                                       尖扎县新型冠状病毒肺炎疫情防控处置工作指挥部

                                                    2022825




གཅན་ཚ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐགགཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

2022ཨང 42པ།

 

མིག་སྔའི་རིམས་ནད་འགོག་སྡོམ་གྱི་གནས་བབ་དངཔྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་ཐབས་ཇུསཔར་གཞི་དགུ་པ)》ཀྱི་གཏན་འབེབས་ལྟར།  རང་རྫོང་གི་ཉིང་སྐྱུར་བརྟག་དཔྱད་བྱས་པའི་མཇུག་འབྲས་དང་འབྲེལ་ཡོད་ཆེད་མཁས་ཚན་ཆུང་གི་བསམ་འཆར་ཟུང་འབྲེལ་བྱས་ཐོག། རྫོང་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་གཏན་འབེབས་བྱས་པ་བརྒྱུད། 2022ལོའི་ཟླ8ཚེས26ཉིན་གྱི་ནམ་གུང་ཆུ་ཚོད0པ་ནས་བཟུང་། རང་རྫོང་གིས་འཇགས་རྣམ་དོ་དམ་བྱ་ཐབས་མེད་པར་བཟོས་ཏེ་རྫོང་ཁོངས་སུ་གོ་རིམ་ལྡན་པའི་སྒོ་ནས་བཀག་གློད་གཏོང་པ་དང་། ཚད་བཀག་ཡོད་པའི་སྒོ་ནས་འཁོར་སྐྱོད་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་ཚོད་འཛིན་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ།  རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་སྲོལ་རིམ་བཞིན་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན་ལ། ད་ལྟ་འབྲེལ་ཡོད་དོན་ཚན་ཁག་བརྡ་ཁྱབ་བཏང་པ་གཤམ་གསལ།གཅིག ཞང་དང་གྲོང་རྡལ། སྡེ་བསྡེ་ཁུལགཞིས་ཁུལ་བཅས་ཀྱི་མི་སྣ་དང་།  རླངས་འཁོར་བཅས་རྫོང་ཁོངས་སུ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱ་ཆོག་པར་བྱ་རྒྱུ་ཡིན་ལ། རྒྱ་ཆེའི་མང་ཚོགས་ཀྱིས་ངེས་པར་དུ་རྫོང་ཁོངས་ནས་ཕྱི་རུ་མི་འབུད་པ་དང་། ཅི་ནུས་ཀྱིས་སྒོ་ཕྱི་རུ་ཉུང་ཙམ་འགྲོ་བ་དང་། ཕན་ཚུན་བར་སྒོ་ཉུལ་མི་བྱེད་པ། ཕུང་ཚོགས་མི་རྒྱག་པ། འདུ་འཛོམས་མི་བྱེད་པ་བཅས་བྱས་ཏེ།  སྤྱི་པའི་ས་ཁོངསསྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཚུདཁག་ཏུ་སྐྱོད་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་པ་དང་།  ལུས་པོའི་དྲོད་ཚད་འཇལ་བ། ཨང་རྟགས་གཉིསབཤེར་བ་བཅས་བྱ་དགོས། སྡེ་བ་ཁག་གིསསྡེ་ཁུལརྒྱུན་ལྡན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཆེད་མི་མངག་གཏོང་སྒོས་གཞིས་ཁུལ་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཆུ་ཚོད24རིང་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཐོ་འགོད་བྱ་ཡུལ་གྱི་མི་སྣ་དག་ལ་གྲལ་བཤེར་ཐོ་འགོད་ནན་མོ་བྱེད་དགོས།  རྫོང་དུ་ཕྱིར་ལོག་པའི་མི་སྣས་སྔ་མོ་ནས་དྲ་ཐོག་བརྒྱུད་པ་དངཡིད་རྟོན་མཚོ་སྔོནདྲ་ཐོག་མིན་པའི་ཐབས་ཀྱིསསྡེ་ཁུལ་དང་ལས་ཁུངསཐོ་འགོད་སྙན་སེང་ཞུས་ཏེ་བདེ་ཐང་ཨང་རྟགས་དང་། འགྲོ་སྐྱོད་ཨང་རྟགས། ད་དུང་ཆུ་ཚོད24ཡི་ནང་ཚུན་དུ་མཇུག་འབྲས་སྲིབས་གཤིས་ཡིན་པའི་བརྟག་དཔྱད་དཔང་ཡིག་མཁོ་འདོན་བྱེད་དགོས་པ་མ་ཟད། “ཐོན་མ་ཐག་ནས་བརྟག་དཔྱདབྱེད་པའི་འགྲོ་རིམ་ཡང་ལག་བསྟར་བྱ་དགོས་ཤིང་། གཞན་ལས་ཁུངས་དང་ཁེ་ལས།  ལས་དོན་སྡེ་ཚན་བཅས་ཀྱི་རྒྱུན་ལྡན་གྱི་གཞུང་སྒྲུབ་སྒྲིག་སྲོལ་ཡང་སླར་གསོ་བྱ་རྒྱུ།གཉིས། གཙོ་གནད་མི་སྣར་མུ་མཐུད་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས་པ་དང་། ལྷག་པར་དུ་བོད་ལྗོངས་དང་ཞིན་ཅང་སོགས་ཞིང་ཆེན་ཕྱིའི་ཉེན་ཚབས་ཆེ་བའི་ས་ཁུལ་དང་། ཞིང་ཆེན་ནང་ཁུལ་གྱི་མཚོ་ནུབ་ཁུལ་དང་། ཡུལ་ཤུལ་ཁུལ། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་སོགས་རིམས་ནད་ཡོད་པའི་ས་ཁུལ་ནས་ཐོན་པའི་མི་སྣར་གྲལ་བཤེར་དང་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་པ་དང་། གཙང་བཤེར་བྱེད་དགོས་པ་རྣམས་གཙང་བཤེར་བྱས་ཏེ་རང་རྫོང་དུ་ལོག་རྗེས་ཀྱི་རིམ་དབྱེའི་འགོག་སྡོམ་བྱ་ཐབས་དོན་འཁྱོལ་ནན་མོ་བྱ་རྒྱུ།གསུམ། མར་ཁུ་ཐང་གྲོང་རྡལ་ཀུ་ཤུ་ར་བའི་གཞིས་ཁུལ་གྱི་ཐོག་ཁང་ཨང9བ་དེ་ཟླ8ཚེས26ཉིན་གྱི་ཆུ་ཚོད0པ་ནས་བཟུང་ཉེན་ཚབས་འབྲིང་ཅན་གྱི་རིམ་པར་ཕབ་པ་དང་། མར་ཁུ་ཐང་གྲོང་རྡལ་ཀུ་ཤུ་ར་བའི་གཞིས་ཁུལ་གྱི་ཐོག་ཁང་ཨང1ནས8པའི་བར་དེ་ཟླ8ཚེས26ཉིན་གྱི་ཆུ་ཚོད0པ་ནས་བཟུང་ཉེན་ཚབས་ཆུང་པའི་རིམ་པར་ཕབ་རྒྱུ། ཉེན་ཚབས་འབྲིང་པའི་ས་ཁུལ་དུས་ཁུལ་ནས་སྒོར་མི་འབུད་པ་དང་།  མི་ཚོགས་ཉུང་པའི་སྐབས་སུ་སྒོར་འབུད་པསོགས་ཀྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པ་དང་། ཉེན་ཁ་ཆུང་བའི་ས་ཁུལ་དུ་མི་སྒེར་ནས་འགོག་སྲུང་བྱེད་པ་དང་། འདུ་ཚོགས་ལ་གཡོལ་བ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས།  གཙོ་གནད་ས་ཁོངས་དང་། གཅིག་སྡུད་ལོགས་བཀར་ས་ཚིགས། འཐབ་ཕྱོགས་དང་པོའི་ལས་བྱེད་མི་སྣས་བྱ་བ་སྒྲུབ་སའི་མགྲོན་ཁང་སོགས་གཙོ་གནད་ས་ཁུལ་དག་ལ་མུ་མཐུད་ནས་བཀག་སྡོམ་ནན་མོ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱེད་དགོས་ལ། རྫོང་ཡོངས་ཀྱི་མངའ་ཁོངས་སུ་གཟའ་འཁོར་རེར་ཐེངས2ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས།བཞི། ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། མགྲོན་ཁང་། སྐྲ་བཞར་ཁང་། སྣུམ་སྣོན་ས་ཚིགས་སོགས་དམངས་འཚོའི་སྤྱི་པའི་ཞབས་ཞུ་ས་ཁུལ་དག་གོ་རིམ་ལྡན་པའི་ངང་ཚོང་གཉེར་སླར་གསོ་བྱ་རྒྱུ། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་བྱ་བ་ཡང་རིམ་གྱིས་སླར་གསོ་བྱེད་རྒྱུ་ཡིན་ལ།  ཚོང་གཉེར་གྱི་སྔོན་ལ་ཚོང་གཉེར་བྱེད་གནས་དང་། སྒྲིག་ཆས་སྒྲིག་བཀོད། བཟའ་བཏུང་ཡོ་བྱད་སོགས་ལ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དག་ལ་གྲལ་བཤེར་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པར་མ་ཟད། ཟ་ཁང་སོགས་སུ་ནང་དུ་བསྡད་དེ་ཟ་མ་བཟའ་བ་དང་ཚོང་གཉེར་མཁན་ལས་གཞན་པའི་མི་སྣ་ནང་དུ་འཛུལ་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱ་དགོས་ཤིང་། ཟས་ལ་ཐུམ་བརྒྱབ་སྟེ་མགྱོགས་སྐྱེལ་བྱེད་པའི་ཞབས་ཞུ་འདོན་སྤྲོད་ཐུབ་པ་བྱེད་དགོས།  དྲ་ཁང་དང་། ཆང་ཁང་། KTVདང་། རྐང་པ་འཁྲུ་ས། སྟེགས་གྲུག་ཚོམས་ཆེན་སོགས་རོལ་རྩེད་སྤྲོ་གསེང་བྱེད་ས་དང་། རིག་གནས་ཁང་དང་། དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། གློག་བརྙན་ཁང་སོགས་དམ་ཞིབ་ཅན་གྱི་རིག་གནས་བྱེད་སྒོ་སྤེལ་ས་རྣམས་གནས་སྐབས་སུ་སྒོ་འབྱེད་རྒྱུ་ནར་འགྱངས་བྱ་དགོས།  ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་མུ་མཐུད་ནསགནས་སྐབས་མཚམས་འཇོག་དགོས་པ་གཉིསགནས་སྐབས་སུ་སྒོ་ཕྱེ་བ་མཚམས་འཇོག་པ་དང་། ཐུན་མོང་གི་ཆོས་ལུགས་བྱེད་སྒོ་ཡོད་ཚད་གནས་སྐབས་མཚམས་འཇོག་པ་གཉིས་ཡིནཀྱི་དོ་དམ་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་། ཕན་བདེའི་ལས་ཁུངས། རོགས་སྐྱོར་དོ་དམ་ལས་ཁུངས་བཅས་ཀྱིས་མུ་མཐུད་དུ་དམ་ཚགས་ཅན་གྱི་བཀག་སྡོམ་དོ་དམ་ལག་བསྟར་བྱེད་དགོས། གཞན་མཛེས་ལྗོངས་ཁུལ་དག་ཏུ་སྔོན་ལ་དཔྱོད་དཔོག་བྱས་པ་བརྒྱུད་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་གཏོང་དགོས།ལྔ། འདུ་འཛོམས་ཀྱི་བྱེད་སྒོ་ཆེ་གྲས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོགས་འདུ་དང་བྱེད་སྒོ་སྣ་ཚོགས་ལ་ཚོད་འཛིན་ནན་མོ་བྱེད་པ། གནས་སྐབས་ཀྱི་ཚོགས་འདུ་ཆེ་གྲས་དང་། གླེང་སྟེགས། འགྲེམས་ཚོགས། གཉེན་སྟོན། མཚན་ཁྲོམ་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་མི་སྤེལ་བ་བཅས་བྱས་ཏེ། སྐྱིད་སྡུག་གི་བྱ་བར་འཕྲད་ཚེ་ཕྱིར་འགྱངས་དང་སྟབས་བདེ་རུ་གཏོང་པ། གསོལ་སྟོན་ཡིན་ཚེ་མི་སྒྲུབ་པ་བཅས་བྱེད་དགོས་ལ།  སྤྱི་ཚོགས་ཐོག་གི་གསོ་སྦྱོང་སྡེ་ཚན་ཁག་གིས་རྩ་འཛུགས་བྱས་པའི་གསོ་སྦྱོང་འཆར་གཞི་དག་མཚམས་འཇོག་པ་བཅས་བྱེད་དགོས།དྲུག སྨན་བཅོས་ལས་ཁུངས་ཀྱིས་སྨན་ཁང་གི་འགོས་ནད་དོ་དམ་ཚན་ཁག་གི་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནསསོ་སྲུང་ས་ཚིགསཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། སྔོན་བཤེར་སྨན་བཅོས་དང་ཐོག་མའི་སྨན་བཅོས་འགན་འཁྲིའི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་ལ། སིལ་འཚོང་སྨན་རྫས་ཚོང་ཁང་གིས་ཚ་སྨན་དང་གློ་ལུའི་སྨན། འབུ་ཕྲ་འགོག་སྨན། ནད་དུག་འགོག་སྨན་སོགསརིགས་བཞིཡི་སྨན་རྫས་ཀྱི་རིམས་ནད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ལེགས་པོ་བྱས་ཐོག  དངོས་མིང་སྤྱད་དེ་ཉོ་སྒྲུབ་ཐོ་འགོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཚ་རྒྱག་པ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་ཤེས་རྟོགས་བྱུང་ཚེ་རང་འགུལ་སྒོས་གཙོ་གཉེར་ལས་རིགས་སྡེ་ཁག་ལ་སྙན་སེང་ཞུ་དགོས། བདུན། སློབ་གསོའི་སྡེ་ཁག་གིས་རྫོང་ཕྱི་ནང་གི་དགེ་སློབ་ཀྱི་དོ་དམ་དོན་འཁྱོལ་ནན་མོ་བྱེད་དགོས། དགེ་རྒན་དང་སློབ་མ་ཞིང་ཆེན་ཕྱི་རོལ་དང་། ཞིང་ཆེན་ནང་ཁུལ་གྱི་ཉེན་ཚབས་ཆེ་འབྲིང་ས་ཁུལ་ནས་རང་རྫོང་དུ་ཕྱིར་ལོག་པའི་གནས་ཚུལ་དུས་ཐོག་ཏུ་གྲལ་བཤེར་བྱས་ནས། དགེ་སློབ་གནས་སའི་ས་གནས་དང་ཕྱིར་ལོག་པའི་དུས་ཚོད། བདེ་ཐང་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ཁྱོན་ཡོངས་ནས་མཐིལ་རྟོགས་དང་ཁོང་དུ་ཆུད་པ་བྱེད་དགོས། སློབ་འགོ་ཚུགས་པའི་དུས་ཚོད་བཀོད་སྒྲིག་གི་བླང་བྱ་ལྟར་རྫོང་ཕྱི་རོལ་དུ་ཡོད་པའི་དགེ་སློབ་རྣམས་སྔ་མོ་ནས་རང་རྫོང་དུ་ཕྱིར་ལོག་བྱེད་དགོས་པ་མ་ཟད། ཐོན་མ་ཐག་དྲ་ཐོགཡིད་རྟོན་མཚོ་སྔོནདང་དྲ་ཐོག་མིན་པའི་ཐབས་ཀྱིསསྡེ་ཁུལ་དང་ལས་ཁུངསཐོ་འགོད་སྙན་སེང་ཞུས་ཏེ་གཏན་འབེབས་ལྟར་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། བརྒྱད།རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་བརླིང་། འཕེལ་རྒྱས་བདེ་འཇགས་ཡོང་བབཅས་ཀྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་ལས་གཞི་འཛུགས་སྐྲུན་ཐདའཐུས་ཤོར་མི་འགྲོ་བ་གཉིསརྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  རང་འགུལ་སྒོས་ལས་གནས་སྟེང་སྐྱོད་པ་དང་མདུན་བཅར་ཞབས་ཞུ་སྒྲུབ་པ། གནད་ལ་འཁེལ་ཞིང་ཞིབ་ཚགས་ཆེ་བའི་སྒོ་ནས་ལས་གཞི་བཀོད་གཏོང་དམ་འཛིན་ལེགས་པོ་བྱེད་པ་དང་། གནད་དོན་ཡོད་ཚེ་དུས་ཐོག་ཏུ་རྗེས་འདེད་ཐག་གཅོད་བྱེད་པ་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་རྩོམ་བྱེད་པ། གཙོ་གནད་ལས་གཞི་དང་གཙོ་གནད་ཨར་ལས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ། འཛུགས་སྐྲུན་ལས་ཡུལ་གྱི་བཀག་སྡོམ་དོ་དམ་ལ་ཤུགས་སྣོན་བྱེད་དགོས། དགུ།འཐབ་ཕྱོགས་དང་པོ་ནས་རིམས་ནད་འགོག་སྡོམ་བྱ་བར་ཞུགས་མཁན་གྱི་སྨན་བཅོས་སྲུང་སྐྱོབ་མི་སྣས་ད་སྔ་ལག་བསྟར་བྱེད་བཞིན་པའི་བཀག་སྡོམ་གྱི་བྱ་ཐབས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ཏེ། གཞི་རིམ་དུ་སྐྱོད་མཁན་གྱི་ཏང་ཡོན་དང་དང་བླངས་པ། སྡེ་བའིསྡེ་ཁུལལས་བྱེད་མི་སྣ་སོགས་ཀྱིས་རང་ཉིད་ཀྱི་བདེ་ཐང་དོ་དམ་དོན་འཁྱོལ་ལེགས་པོ་བྱས་ནས་ཉིན་གསུམ་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་ཏེ་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས།  དཔེར་ན་མིད་པ་ན་བ་དང་སྐམ་ལུ་རྒྱག་པ། ཚ་རྒྱས་པ། ལུས་པོར་ཤེད་ཤུགས་མེད་པ། དྲི་ཚོར་ཉམས་པ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་མངོན་ཚེ། དུས་ཐོག་ཏུ་སྡེ་ཚན་དང་ཁོངས་གཏོགས་ས་ཁུལ་ལ་སྙན་སེང་ཞུས་ཏེ་འཕྲལ་མར་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས། བཅུ། རྒྱ་ཆེའི་མང་ཚོགས་ཀྱིས་མུ་མཐུད་དུ་མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ། སྒོ་ཕྱི་ལ་འགྲོ་དུས་ཁ་ཐུམ་རྒྱག་པ་དང་ཁང་བའི་ནང་རླུང་རྒྱུ་བར་བྱེད་པ། ལག་པ་བཀྲུ་པ། མི་མང་བོ་འདུ་སར་མི་འགྲོ་བ། སྤྱི་འབྲེལ་ཐད་བར་ཐག་འཛིན་པ་སོགས་རིམས་ནད་འགོག་སྡོམ་གྱི་གོམས་གཤིས་བཟང་པོ་ལག་བསྟར་ནན་མོ་བྱས་ཏེ། རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱེད་དགོས། དཔེར་ན། མིད་པ་ན་བ་དང་སྐམ་ལུ་རྒྱག་པ། ཚ་རྒྱས་པ། ལུས་པོར་ཤེད་ཤུགས་མེད་པ། དྲི་ཚོར་ཉམས་པ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་བྱུང་ཚེ།  འཕྲལ་མར་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས། གཞན་ད་དུངབཀག་གློད་བྱས་ཀྱང་སྔོན་འགོག་མི་ལྷོད་པ་དང་། བཀག་གློད་བྱས་ཀྱང་ཚོད་འཛིན་མི་ལྷོད་པའིརྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ཏེ་རིམས་ནད་འགོག་སྡོམ་ཐད་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱེད་པ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱེད་དགོས།

 


                                                   གཅན་ཚ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས། 

                                                                2022ལོའི་ཟླ8ཚེས25ཉིན།