首页 > 新闻动态 > 尖扎新闻
尖扎县新型冠状病毒肺炎疫情防控处置工作指挥部通告〔2022〕第51号
来源:中共尖扎县委宣传部    时间:2022年09月05日    

尖扎县新型冠状病毒肺炎疫情防控处置工作指挥部通告

2022〕第51

 

根据全县新冠病毒肺炎疫情防控工作安排,定于202295日县域内组织开展全员免费核酸检测,现就有关事宜通告如下:

一、检测范围

全县辖区范围内全体居民(包括本地常住人口、暂住人口、临时流动人口、务工人口等)。

二、检测时间

马克唐镇主城区采样时间为7:3013:00,除马克唐镇主城区以外的村(社区)采样时间为7:3015:00

三、注意事项

1.全县核酸检测期间实行道路交通管制,除疫情防控、紧急就医、生活保障、城市运行、应急处置、新闻媒体等相关车辆和持有县疫情防控指挥部通行证车辆外,其他车辆均不得上路行驶。

2.全县各级机关企事业单位(含各驻县单位)要严格落实疫情防控主体责任,组织动员本单位干部职工和相关行业从业人员在就近核酸检测采样点配合完成核酸采样工作。

3.请广大群众服从乡镇、村(社区)工作人员的安排,按照所在乡镇、村(社区)的通知指引分时段有序前往指定采样点进行采样,做到应检尽检,确保不漏一户一人。

4.核酸检测时,请携带手机或者身份证,提前准备好采集码,采集过程中请自觉服从采样点工作人员安排,全程正确佩戴口罩,并与他人保持2米以上间隔,不交谈,不聚集。采样结束后,不逗留,及时返回家中。

5.采样前2小时内不要饮食,30分钟内请勿吸烟、喝酒、嚼口香糖等,避免影响检测结果。在等待核酸检测结果期间,请全县广大群众自觉居家,做到不外出、不聚集、不聚会、不聚餐。

6.儿童、老人等特殊人群需在监护人或家人的陪同下进行核酸采样,采样点要及时开设绿色通道。对行动不便等原因无法参与现场采样的高龄老人、残疾人等,可提前联系所在村(社区)做好登记,核实基本情况后安排医务人员上门采样。

7.居家隔离人员、48小时内接种过新冠疫苗的人员,不参加本次核酸检测,但须向单位、村(社区)工作人员说明情况,并提供有关证明,由单位、村(社区)做好登记。

8.不参加核酸检测将会给您及他人的生活和健康带来诸多影响,无正当理由拒不配合、不支持核酸检测工作,妨碍疫情防控或造成严重后果的,将依法承担相应法律责任。

9.在等待核酸检测结果期间,广大群众要进一步提高风险防范意识,养成戴口罩、勤洗手、常通风、不聚集等良好生活习惯,关注自身健康状况。一旦出现发热、干咳、乏力等不适症状时,请佩戴口罩前往尖扎县人民医院发热门诊就诊,途中避免乘坐公共交通工具,并及时向所在单位和社区报备。

10.各乡镇核酸样本必须于当日送至县疾控中心。

11.本次检测仅显示检测结果,不出具核酸检测报告。

请广大群众积极参加核酸检测,确保核酸检测全覆盖。衷心感谢广大群众对疫情防控工作的理解、配合和支持。

 

 

 

 

                                               尖扎县新型冠状病毒肺炎疫情防控处置工作指挥部

                                                202294




གཅན་ཚ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

2022ཨང51པ།


    རྫོང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར།2022ལོའི་ཟླ9ཚེས5ཉིན་རྫོང་ཡོངས་སུ་རིན་མེད་ངང་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུའི་གཏན་ཁེལ་བྱས་པ་ཡིན་པས་གཤམ་གྱི་བརྡ་ཁྱབ་འདི་སྤེལ་བ་ཡིན།

  གཅིག བརྟག་དཔྱད་ཁྱབ་ཁོངས།

   རྫོང་ཡོངས་ཀྱི་མངའ་ཁོངས་སུ་གཏོགས་པའི་སྡོད་དམངས་ཡོངས་རྫོགས འདིའི་ནང་རང་ས་གནས་ཀྱི་རྒྱུན་སྡོད་མི་གྲངས་དང་།གནས་སྐབས་བཅའ་སྡོད་བྱེད་པའི་མི་གྲངས།གནས་སྐབས་སུ་འགྲོ་འོང་བྱེད་པའི་མི་གྲངས།ངལ་ལས་མི་གྲངས་སོགས་ཚུད་ཡོད

  གཉིས། བརྟག་དཔྱད་ཀྱི་དུས་ཚོད།

   མར་ཁུ་ཐང་གྲོང་རྡལ་གྱི་གྲོང་ཁུལ་གཙོ་བོའི་བརྟག་དཔྱད་དུས་ཚོད་ནི་ཞོགས་པའི་ཆུ་ཚོད730ནས་ཕྱི་དྲོའི་ཆུ་ཚོད1300བར་ཡིན། དེ་ལས་གཞན་པའི་སྡེ་བསྡེ་ཁུལཡི་བརྟག་དཔྱད་དུས་ཚོད་ནི་ཞོགས་པའི་ཆུ་ཚོད730ནས་ཕྱི་དྲོའི་ཆུ་ཚོད1500བར་ཡིན།

  གསུམ། དོ་སྣང་བྱ་ཡུལ།

 1.རྫོང་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པས་རིམས་འགོག་ཚོད་འཛིན་དང་མྱུར་མཁོའི་སྨན་བཅོས།འཚོ་བའི་འགན་ལེན།གྲོང་ཁྱེར་འཁོར་སྐྱོད།འཕྲལ་རྐྱེན་མྱུར་སེལ།གསར་འགྱུར་སྨྱན་སྦྱོར་སོགས་འབྲེལ་ཡོད་རླངས་འཁོར་དང་རྫོང་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་འགྲོ་སྐྱོད་ལག་ཁྱེར་ཡོད་པའི་རླངས་འཁོར་མ་གཏོགས་གཞུང་ལམ་ཐོག་བསྐྱོད་མི་ཆོག

  2.རྫོང་ཡོངས་ཀྱི་རིམ་པ་ཁག་གི་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པསརྫོང་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཁག་ཚུད་ཡོདརིམས་ནད་འགོག་སྡོམ་གྱི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་།རང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་ཞུགས་མི་སྣ་རྩ་འཛུགས་དང་སྐུལ་སློང་བྱས་ཏེ།ཉེ་སའི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་ཁུལ་གྱི་ལས་ཀར་རམ་འདེགས་བྱ་དགོས།

  3.རྒྱ་ཆེའི་མང་ཚོགས་ཀྱིས་ཞང་དང་གྲོང་རྡལ། སྡེ་བའིགཞིས་ཁུལལས་བྱེད་མི་སྣའི་བཀོད་སྒྲིག་ལྟར་དུས་མཚམས་དབྱེ་སྟེ།གོ་རིམ་ལྡན་པའི་ངང་ཉིང་སྐྱུར་བརྟག་དཔྱད་བྱས་ཏེ་ཞིབ་བཤེར་བྱེད་དགོས་རིགས་ཚང་མ་གཅིག་ཀྱང་མ་ལུས་པར་བརྟག་དཔྱད་བྱ་དགོས། 4.ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ལག་ཁྱེར་ཁ་པར་རམ་ཐོབ་ཐང་འཛིན་ཡིག་འཁྱེར་ནས་སྔོན་ལ་བསྡུ་ལེན་ཨང་རྟགས་གྲ་སྒྲིག་ཡག་པོ་བྱེད་དགོས་ཤིང་།རང་འགུལ་གྱི་སྒོ་ནས་ལས་བྱེད་མི་སྣའི་བཀོད་སྒྲིག་ལ་བརྩི་སྲུང་བྱེད་པ་དང་།མགོ་ནས་མཇུག་བར་ཁ་ཐུམ་ལེགས་པར་བརྒྱབ་ནས་ཕན་ཚུན་བར་སྨི2ཡན་གྱི་བར་ཐག་འཇོག་དགོས་ལ།ཕན་ཚུན་བར་སྐད་ཆ་མི་བཤད་པ་དང་འདུ་རུབ་བྱ་མི་རུང་།བརྟག་དཔྱད་བྱས་ཚར་རྗེས་མྱུར་ཏུ་རང་ཁྱིམ་དུ་ལོག་དགོས།

 5.བརྟག་དཔྱད་མ་བྱས་གོང་གི་ཆུ་ཚོད་གཉིས་ཀྱི་ནང་དུ་བཟའ་བཏུང་མི་བྱེད་པ་དང་།སྐར་མ་སུམ་ཅུའི་ནང་དུ་ཐ་མག་དང་ཆང་རག་མི་སྤྱོད་པ།ཐང་ཆུ་མི་ལྡོད་པ་བཅས་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས།ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་མ་ཐོན་བར་དུ་རང་འགུལ་གྱི་སྒོ་ནས་ཁྱིམ་དུ་འདུག་པ་ལས།ཕྱི་ལོགས་སུ་འགྲོ་བ་དང་མཉམ་འཛོམས་མཉམ་སྤྲོ་བྱེད་པ།གསོལ་སྟོན་བཤམས་པ་སོགས་བྱ་མི་རུང་།

 6.བྱིས་པ་དང་རྒན་རྒོན་སོགས་དམིགས་བསལ་གྱི་མི་ཚོགས་ལ་ལྟ་སྐྱོང་པའམ་ཁྱིམ་མིའི་ཕེབས་རོགས་འོག་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་ཤིང་།འགྲོ་འདུག་སྟབས་བདེ་མིན་པའི་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཀྱིས་སྡེ་བའམ་གཞིས་ཁུལ་དུ་ཐོ་འགོད་བྱས་ན། གཞི་རྩའི་གནས་ཚུལ་རྒྱུས་ལོན་བྱས་རྗེས་སྨན་ཞབས་མི་སྣ་ཁྱིམ་དུ་བསྐྱོད་ནས་ཉིང་སྐྱུར་བརྟག་དཔྱད་བྱས་ཆོག

 7.ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་སྡོད་དམངས་ཀྱི་གཞི་རྩའི་དགོས་མཁོར་འགན་ལེན་བྱེད་རིགས་དང་།འབྲེལ་ཡོད་ཀྱི་ཆ་རྐྱེན་འཛོམས་པའི་སྒོ་རྩིས་ཚོང་ཁང་།སྟབས་བདེའི་ཚོང་ཁང་།ཞིང་ཞོར་ཚོང་ར།སྨན་རྫས་ཚོང་ཁང་།སྨན་བཅོས་ལས་ཁུངས་བཅས་མ་གཏོགས་གནས་སྐབས་སུ་ཚང་མས་སྒོ་བརྒྱབ་ནས་ཚོང་གཉེར་བྱེད་མཚམས་འཇོག་དགོས་ཤིང་། ཁེ་ལས་དང་ཨར་ལས་བྱ་ཡུལ་སོགས་ལ་བཀག་སྡོམ་དོ་དམ་བྱ་དགོས།

 8.ཁྱིམ་སྡོད་ལོགས་བཀར་མི་སྣ་དང་ཆུ་ཚོད48ནང་དུ་པྲོག་དུག་འགོག་ཁབ་བརྒྱབ་པའི་མི་སྣ་རྣམས་ཐེངས་འདིའི་ཉིང་སྐྱུར་བརྟག་དཔྱད་ལ་ཞུགས་མི་དགོས།འོན་ཀྱང་ལས་ཁུངས་དང་སྡེ་བ།གཞིས་ཁུལ་གྱི་ལས་བྱེད་མི་སྣར་གནས་ཚུལ་གསལ་བཤད་བྱེད་དགོས་པ་མ་ཟད།འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེ་མཁོ་འདོན་བྱས་ནས་ཐོ་འགོད་ལེགས་པོ་བྱེད་དགོས།

  9.ཉིང་སྐྱུར་བརྟག་དཔྱད་མ་བྱས་ཚེ་ཁྱེད་དང་མི་གཞན་གྱི་འཚོ་བ་དང་བདེ་ཐང་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ངེས་ཡིན་པས། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་གཞོགས་འདེགས་མི་བྱེད་པ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་ཀར་རྒྱབ་སྐྱོར་མི་བྱེད་པ། རིམས་ནད་འགོག་སྡོམ་གྱི་བྱ་བར་འགོག་རྐྱེན་བཟོ་བའམ་ཡང་ན་མཇུག་འབྲས་ཚབས་ཆེན་བཟོ་བ་བཅས་ཡིན་ཚེ་ཁྲིམས་ལྟར་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས།   

  10.ཞང་དང་གྲོང་རྡལ་ཁག་གི་ཉིང་སྐྱུར་མ་དཔེ་ངེས་པར་དུ་ཉིན་དེར་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་སྐྱེལ་དགོས། 

  11.ཐེངས་འདིའི་ཉིང་སྐྱུར་བརྟག་དཔྱད་ལ་བརྟག་འབྲས་མ་གཏོགས་བརྟག་འབྲས་སྙན་ཐོ་མཁོ་འདོན་བྱ་རྒྱུ་མིན།

 རྒྱ་ཆེའི་མང་ཚོགས་ཀྱིས་གང་མྱུར་སྒོས་ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཞིབ་བཤེར་བྱེད་དགོས་རིགས་ཚང་མ་ཞིབ་བཤེར་བྱེད་དགོས། མཐར་ཁྱེད་ཀྱིས་རིམས་ནད་འགོག་སྡོམ་གྱི་བྱ་བར་གཞོགས་འདེགས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   

 

 

                                       གཅན་ཚ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས།

                                     2022ལོའི་ཟླ9ཚེས4ཉིན།