首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང83པ)  གཅན་ཚ་རྫོང་གིས་སློབ་གསོའི་གཙོ་གནད་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།
    སྟོབས་ཤུགས་གང་ཡོད་བཏོན་ནས་དུས་རབས་གསར་བའི་གཅན་ཚའི་སློབ་གསོ་བྱ་བའི་ཤོག་ལྷེ་གསར་བ་འབྲི།
来源:尖扎县人民政府办公室     时间:2020年07月02日    

ཨང83པ།


གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།                   2020ལོའི་ཟླ6ཚེས23ཉིན།



ཟླ6པའི་ཚེས23ཉིན།  གཅན་ཚ་རྫོང་སྲིད་གཞུང་གིས་སློབ་གསོའི་གཙོ་གནད་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།  རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་བསྟན་འཛིན་དང་།   རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཀྲིན།  རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དཔལ་འབུམ།   རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ནོར་བུ་རྒྱ་མཚོ། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྡོ་རྗེ་སྟོབས་ལྡན། རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་དུང་དྲུག་འཚོ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྒྲོལ་མ་སྐྱིད་དང་། ཧའེ་དབྱང་བཅས་ཚོགས་འདུར་ཞུགས། ཚོགས་འདུར་ད་དུང་ཞང་དང་གྲོང་བརྡལ་སོ་སོའི་འགན་ཁུར་པ་གཙོ་བོ་དང་སློབ་གསོའི་ལས་རིགས་ཀྱི་འགན་ཁུར་བ། རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གི་འགན་ཁུར་བ་གཙོ་བོ་བཅས་ཞུགས་ཡོད་ལ།  རྫོང་ཨུའུ་ཧྲུའུ་ཅི་གཞོན་པ་དཔལ་འབུམ་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་འདུ་ལས་ཉེ་ཆར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཏོན་པའིགཅན་ཚ་རྫོང་གི་སློབ་གསོའི་གྲོན་དངུལ་འགན་སྲུང་བྱེད་ཐབསདང2020ལོའི་དབྱར་གནང་སྐབས་ཀྱི་དགེ་རྒན་གསོ་སྦྱོང་ཇུས་གཞིསོགས་སློབ་གསོའི་འབྲེལ་ཡོད་སྲིད་ཇུས་ཀློག་འབྲེལ་བྱས་པ་དང་།  རྫོང་ཡོངས་ཀྱི་སློབ་གསོའི་སྡེ་ཁག་གི་ལོ་སྟོད་ཀྱི་བྱ་བའི་ཕྱོགས་སོ་སོའི་འཕེལ་རིམ་གནས་ཚུལ་གསལ་བསྒྲགས་བྱས་པར་མ་ཟད།  ཉེ་ཆའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུ་ལས་བསྟན་དོན།  སློབ་གསོའི་གཙོ་གནད་བྱ་བ་ཧུར་ཐག་གིས་སྤེལ་རྒྱུ་ནི་རང་རྫོང་གི་ཆབ་སྲིད་ལས་འགན་ཞིག་ཡིན་ལ།   རང་རྫོང་གི་ཡུན་རིང་འཕེལ་རྒྱས་ཀྱི་རྨང་གཞི་དང་འབྲེལ་ཞིང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཁྱབ་ཁོངས་གཙོ་བོ་དང་ཡང་འབྲེལ་ཕྱིར།   སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཞིང་ཆེན་དང་ཁུལ་ཨུ་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་གི་ཚད་ཐིག་མ་ནོར་བར་བྱས་ཐོག   ཆབ་སྲིད་ཀྱི་ཚད་གཞི་སྲུང་བའི་སྒོ་ནས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་དམ་འཛིན་བྱེད་པའི་དུས་མཚུངས་སུ།   མུ་མཐུད་ནས་རྫོང་ཡོངས་ཀྱི་སློབ་གསོ་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་བྱེད་དགོས་ཚུལ་བསྟན།  ཚོགས་ཐོག་ཏུ་བསྟན་འཛིན་གྱིས་བྱེ་བྲག་གི་བླང་བྱ་འདི་དག་བཏོན་པ་སྟེ།   གཅིག་ནས་གཞི་རིམ་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།  གཞི་རིམ་ཏང་རྩ་འཛུགས་ཀྱིས་འཛིང་རགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།   སློབ་རའི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་དང་།  ནུས་ཤུགས་གང་ཡོད་སྒོས་ཞིང་ཆེན་རིམ་པའི་དཔེ་སྟོན་སློབ་གྲྭ་དང་བྱིས་གཉོར་གླིང་བསྐྲུན་དགོས་ལ།   ནན་ཏན་སྒོས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློའི་ཆབ་སྲིད་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ།  རྒྱུན་ཆད་མེད་པར་སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོ་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།   གཉིས་ནས་སྲིད་གཞུང་གི་མ་དངུལ་སོགས་གཏོང་བའི་ཤུགས་ཚད་ཆེ་རུ་གཏོང་བ།    དེང་རབས་ཅན་གྱི་སློབ་གསོ་བསྒྲུབ་པར་ང་ཚོས་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས་ལ།   སྡེ་ཁག་སོ་སོས་སློབ་གསོའི་བཅོས་སྒྱུར་གྱི་གལ་ཆེན་རང་བཞིན་ལ་གོ་བ་ཟབ་མོ་ལོན་དགོས།   ང་ཚོས་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།   འགྲོ་གྲོན་གྱི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་སློབ་ཁྲིད་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།   གོམ་གང་མདུན་སྤོས་སྒོས་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་།   ཁྱོན་ཡོངས་ནས་སློབ་གསོའི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་ཡོང་བ་བྱས་ནས།  རང་རྫོང་གི་སློབ་གསོའི་ཁྱབ་ཁོངས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་དེང་རབས་ཅན་དུ་གཏོང་བར་སྐུལ་འདེད་ཤུགས་ཆེར་གཏོང་དགོས།  གསུམ་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།   དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ང་ཚོས་ནང་དུ་འདྲེན་པ་དང་།   ཕྱི་རུ་བསྐྱལ་རྒྱུཤེས་དགོས་ལ།  ཕྱི་ཡི་རོགས་སྐྱོར་དང་ནང་གི་ནུས་ཤུགས་ཏེ།  ཏ་ཐུང་དང་ཐེན་ཅིན་སོགས་ཀྱི་སློབ་གསོའི་རོགས་སྐྱོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་།  རིམ་པ་དང་རིགས་དགར་ནས་དགེ་རྒན་གྱི་དཔུང་སྡེར་ཤུགས་སྣོན་རྒྱག་དགོས།   བསླབ་ཚན་གསར་པ་དང་།  བསླབ་གཞི་གསར་བ།  བྱེད་ཐབས་གསར་བ།  ལག་རྩལ་གསར་བ་གསོ་སྦྱོང་བཅས་འབུར་དུ་ཐོན་པར་བྱས་ཏེ།   རྩིས་དངོས་རྫས་གསུམ་དང་།  བོད་ཀྱི་སྐད་ཡིག   རྒྱའི་སྐད་ཡིག་དགེ་རྒན་གྱི་གསོ་སྦྱོང་གི་བྱ་བར་ཤུགས་སྣོན་པ་དང་།  སྐད་ཡིག་བསླབ་དེབ་སྒྲིག་བཟོའི་བྱ་བ་ཁྱབ་སྤེལ་བྱས་ཐོག   མི་རིགས་སློབ་མའི་རྒྱལ་ཁབ་སྤྱི་བཀོལ་གྱི་སྐད་དང་ཡི་གེ རྩིས་དངོས་རྫས་གསུམ་སོགས་ཀྱི་ཆུ་ཚད་མཐོར་འདེགས་ཡོང་བ་བྱེད་དགོས།   སློབ་སྔོན་སློབ་གསོའི་དགེ་རྒན་གྱི་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་ལ།   ཕན་ནུས་ལྡན་པའི་སྒོ་ནས་བྱིས་གཉོར་དགེ་རྒན་གྱི་ཕོགས་ཐོབ་ཐག་གཅོད་བྱས་ཏེ།   དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་རང་རྫོང་གི་རྨང་གཞིའི་བྱ་བ་རུ་བཟུང་ནས་དམ་འཛིན་བྱེད་པ་དང་།  ཕུལ་དུ་བྱུང་བའི་འཇོན་མི་གང་མང་ཞིག་བསྡུ་ལེན་དང་སྐུལ་སློང་བྱས་ཏེ་རང་རྫོང་དུ་ཡུན་རིང་ལ་སློབ་གསོའི་བྱ་བ་གཉེར་བར་བྱེད་པ་བཅས་བྱས་ནས།  ནན་ཏན་སྒོས་མི་དམངས་ཀྱི་བློ་ཡིད་ཚིམས་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་དགོས།   བཞི་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྫོང་ཡོངས་ཀྱི་རིམ་པ་ཁག་དང་རིགས་མི་འདྲ་བའི་སློབ་གསོའི་ལས་ཁུངས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་ལ་གོ་བ་གཏིང་ཟབ་ལེན་དགོས་ལ། སྤུས་ཚད་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་ཁྲིད་སྟོན་དུ་འཛིན་པའི་ཚན་རིག་དང་མཐུན་པའི་དཔྱད་འཇོག་མ་ལག་འཛུགས་པ་དང་།  ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཕན་འབྲས་དེ་སློབ་གྲྭའི་ལས་བྱ་གཞག་མཐའ་དག་ལ་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞི་རུ་འཛིན་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་དེ་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་དགེ་རྒན་གྱི་ལས་ཐོབ་དང་ཟུང་འབྲེལ་བྱས་ཏེ་ལོ་མཇུག་གི་དཔྱད་ཞིབ་ནང་འཇུག་དགོས་པར་མ་ཟད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའིབརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཐད་མི་དམངས་ལ་གཞི་འཛུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། མི་དམངས་ལྟེ་བར་འཛིན་པ་བཅས་བྱས་ཏེ་སློབ་གསོ་འཕེལ་རྒྱས་ཀྱི་རིན་ཐང་འཚོལ་སྙེག་བྱེད་དགོས་ལ། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་ལེགས་སྐྱོང་བྱ་རྒྱུ་དེ་སློབ་གསོའི་བྱ་བའི་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ཐོག  སྤུས་ཚད་སློབ་གསོ་བྱེ་བྲག་ཅན་དུ་འགྱུར་བ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་དུས་རབས་ཀྱི་མི་སྣ་གསར་བ་གསོ་སྐྱོང་བྱེད་དགོས། ལྔ་ནས་སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་མུ་མཐུད་ནས་ལེགས་པོར་བསྒྲུབ་པ།  གཟབ་ནན་སྒོསཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས།  གནད་ཁེལ་ཇུས་འདོནབཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དུ་སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོར་བསྒྲུབ་དགོས།  དྲིལ་བསྒྲགས་སློབ་གསོ་དང་། དགེ་སློབ་རེས་འདྲིས། དངོས་ཟོག་འགན་ལེན། ཆ་འཕྲིན་གོང་ཞུ། ལྟ་སྐུལ་མཛུབ་སྟོན་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་བའི་སྦྲེལ་ཐག་ཧྲིལ་པོའི་བཀོད་སྒྲིག་ལ་རིམ་པ་ཡོད་པའི་སྒོ་ནས་འགན་འཁྲི་ནན་མོར་གཏོང་དགོས། རྒྱ་ཆེ་བའི་སློབ་ར་དང་དགེ་སློབ་ཡོངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་དྲ་བ་འཛུགས་དགོས། དྲུག་ནས་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་གྲ་སྒྲིག་བྱ་བ་ཏན་ཏིག་ངང་ལེགས་པོར་བསྒྲུབ་པ། རྒྱུགས་ལེན་བྱ་བ་ནི་མ་ལག་ཅན་གྱི་བཟོ་སྐྲུན་ཞིག་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་རོགས་ལས་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བྱ་དགོས། རྫོང་སློབ་གསོའི་སྡེ་ཁག་གིས་སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་རྟོགས་རང་འགུལ་དང་འགན་འཁུར་ཐེག་ཕོད་པ་བྱེད་དགོས་ཤིང་། གཏན་ལ་ཕབ་པའི་བྱ་བའི་ཇུས་གཞི་ལྟར་རང་སོ་སོའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ་མཐོ་རྒྱུགས་དྲང་གཞག་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་འགན་ལེན་བྱེད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།   དམིགས་འབེན་གཏན་ལ་ཕབ་ཟིན་སྟེ། གནད་འགག་ནི་དོན་དུ་འཁྱོལ་བ་བྱ་རྒྱུ་དེ་ཡིན་པས།  རྫོང་ཡོངས་ཀྱི་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་བཏང་སྟེ།  ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སློབ་གསོའི་སྐོར་གྱི་དཔྱད་གླེང་གལ་ཆེན་གྱི་ཚན་རིག་གོ་དོན་དང་དགོངས་དོན་གྱི་སྙིང་པོ་ཁོང་དུ་ཆུད་པར་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་དྲག་ཆས་སྤྲས་པ་དང་།  ལག་ལེན་ལ་ཁྲིད་སྟོན་བྱེད་པ།  བྱ་བར་སྐུལ་འདེད་བཅས་བྱས་ནས།  དོན་དངོས་ཀྱི་འགུལ་སྐྱོད་ལས་ང་ཚོའི་ལས་འགན་མཚོན་པར་བྱེད་པ་དང་།  ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་འཇོན་ཐང་དང་ཆུ་ཚད། དངོས་ཐོག་དོན་གཉེར། གསར་གཏོད་ཡར་བརྩོན་བཅས་མཚོན་པར་བྱས་ནས་རང་རྫོང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཐར་ཐུག་གི་རྒྱལ་ཁ་ལེན་པ་དང་སློབ་གསོ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་ཚུལ་བཏོན་པ་རེད།