首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང85པ) གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་ཏང་བཙུགས་ནས་ལོ་འཁོར99ལོན་པར་རྟེན་འབྲེལ་ཞུས།
来源:尖扎县人民政府办公室     时间:2020年07月23日    

ཨང85བ།

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།               2020ལོའི་ཟླ7པའི་ཚེས1ཉིན།


ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར99ལོན་པར་རྗེས་དྲན་དང་ཏང་གི་འོད་སྟོང་འབར་བའི་བགྲོད་ལམ་དང་མཛད་རྗེས་ལ་བསྟོད་གླུ་ལེན་པ་དང།  ཐོག་མའི་རེ་སྨོན་ཡིད་ལ་བཅངས་ནས་བླ་མེད་འགན་འཁྲི་ཕྲག་ཏུ་འཁུར་བའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཆེད།  ཟླ6པའི་ཚེས29ནས་ཟླ7པའི་ཚེས1བར་དུ། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཡིས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་དང་རྫོང་མེ་གསོད་རུ་ཁག་མཉམ་འབྲེལ་གྱིས་བརྗོད་དོན་གསལ་ལ་ཐབས་ལམ་སྣ་མང་ཡིན་པའི་བྱ་འགུལ་ཐེངས་བདུན་སྤེལ་ཏེ།  2020ལོའི་བདུན་པའི་ཚེས་གཅིག་ཏང་བཙུགས་ཉིན་མོ་སྟེ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།

ཉེ་བཅར་འཚམ་འདྲིའི་བྱ་འགུལ་ཐེངས་གཅིག་སྤེལ་ཡོད་དེ། བདུན་གཅིག་དུས་ཆེན་གྱི་སྔ་རོལ་ཏུ།  གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་དག་འགན་སྦྲེལ་སྡེ་བའི་ནང་གི་བྱས་རྗེས་འབུར་ཐོན་བཞག་ཡོད་པའི་དཀའ་ངལ་ཅན་གྱི་ཏང་ཡོན་དང་ཏང་ཡོན་རྒན་པ།  དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་ཁོང་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་མ་ཟད། ཐོན་སྐྱེད་འཚོ་བའི་ཐད་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ནས་དཀའ་ངལ་སྐོར་ཞིག་ཐག་བཅད་པ་དང་། ཏང་ཡོན་རྒན་པ28ལ་ཏང་གི་འཁྲུངས་སྐར་གྱི་ལེགས་སྐྱེས་ཕུལ་བ་དང་ཏང་ཡོན་རྒན་པ5ལ་འཚམ་འདྲིའི་དངུལ་དང་བྱ་དགའ་གནང་སྟེ། ཏང་གི་ཐུགས་ཁུར་དང་དྲོད་ཁོལ་མྱངས་སུ་བཅུག

ཏང་གཤིས་ཀྱི་སློབ་གསོ་ཐེངས་གཅིག་སྤེལ་ཡོད་དེ།  རྫོང་མེ་གསོད་རུ་ཁག་གི་ཏང་ཀྲི་པུའུ་དང་མཉམ་དུ་ཏང་ཞུགས་དམ་བཅའ་དང་བརྒྱུད་རིམ།  ཐོག་མའི་སེམས་འདུན་བཅས་ལ་ཕྱིར་དྲན་སོགས་ཀྱི་ཏང་གཤིས་སློབ་གསོའི་བྱ་འགུལ་སྤེལ་ནས། ཏང་ཡོན་ཚང་མས་ལག་པ་གཡས་པ་ཡར་ལ་བཀྱགས་ནས་ཡང་བསྐྱར་ཏང་ཞུགས་དམ་བཅའ་བཞག  ཀྲི་པུའུ་ཧྲུའུ་ཅི་སྐལ་ལྡན་སྐྱབས་ཀྱིས་རང་གི་འཚོ་བ་དང་ལོ་མང་པོའི་བྱ་བའི་ཉམས་མྱོང་དང་འབྲེལ་ནས་རང་ཉིད་ཏང་ནང་དུ་ཞུགས་པའི་བརྒྱུད་རིམ་དང་ཐོག་མའི་སེམས་འདུན་ཐད་ནས་བསམ་བློ་བརྗེ་རེས་བྱས་པ་དང་། ཏང་ཡོན18གྱིས་ཡང་བསྐྱར་ཏང་ཞུགས་རེ་ཞུ་ཡི་གེ་སྒྲོག་འདོན་བྱས་ནས་རང་གི་ཕུགས་བསམ་དང་རེ་སྙེག་བསྐྱར་དྲན་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པར་འབད་བརྩོན་བྱས་ནས་ཏང་གི་ལས་དོན་ལ་ཞབས་ཕྱི་དང་བྱ་བའི་གྲུབ་འབྲས་བཟང་བོ་ལ་བརྟེན་ནས་ཏང་གི་འཁྲུངས་སྐར་བསུ་བའི་སྐུལ་མ་བཏང་ཡོད།

ཏང་གི་སློབ་ཁྲིད་ཀྱི་བྱ་འགུལ་ཐེངས་གཅིག་སྤེལ་ཡོད་དེ།  རྫོང་སྲིད་གཞུང་གཞུང་ལས་ཁང་གི་སྐབས་བརྗེ་འདེམས་བསྐོ་ཚོགས་ཆེན་རྩ་འཛུགས་བྱས་པ་དང་། རྫོང་རིམ་པ་གཞོན་པའི་འགོ་ཁྲིད2སྤྱིར་བཏང་གི་ཏང་ཡོན་གྱི་མིང་ཐོག་ནས་ཚོགས་ཆེན་ལ་ཞུགས་པ་དང་སྐབས་བརྗེ་འདེམས་བསྐོ་བདེ་བླག་ངང་ལེགས་གྲུབ་བྱུང་། དུས་མཚུངས་སུ། གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་ལྡན་སྐྱབས་ནས་ཐོག་མའི་སེམས་འདུན་ཡིད་ལ་བཅངས་ཏེ་འབད་པ་ཆེན་པོས་ཕུགས་འདུན་སྙེག་ཞེས་པ་བརྗོད་དོན་དུ་བཟུང་ནས་ཏང་ཡོན་རྣམ་པར་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་རྣམ་ཀུན་དཔེ་སྟོན་གྱི་ནུས་པ་ཐོན་དགོས་པ་དང་། འཚོ་བའི་ཐད་ནས་རང་ཉིད་ནས་འགོ་བརྩམས་ཏེ་ཁྱིམ་སྲོལ་བཟང་བོ་ཆགས་དགོས་ལ། བྱ་བའི་ཐད་ནས་ལས་གནས་ཀྱི་བབ་དང་བསྟུན་ནས་དོན་དག་རེ་རེ་ཏན་ཏིག་གིས་སྒྲུབ་པ་བརྒྱུད། གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་མངོན་པར་མཚོན་དགོས་པའི་ཐད་ནས་འགྲེལ་བརྗོད་ལེགས་པོ་བྱས།

ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་ཐེངས་གཅིག་སྤེལ་ཡོད་དེ།  ཏང་ཡོན་ཚང་མ་མེ་གསོད་རུ་ཁག་གི་དམག་སྒར་དུ་སོང་ནས་མེ་གསོད་རླངས་འཁོར་དང་འཕྲུལ་ཆས་སོགས་ལ་གཟིགས་སྐོར་བྱས་པ་དང་། གཞུང་ལས་ཁང་གི་དོན་དངོས་དང་འབྲེལ་ནས་མེ་གསོད་འཁྲབ་སྟོན་བྱས་པ་མ་ཟད། མེ་གསོད་ཀྱི་གཞུང་ལུགས་དང་ཐབས་ལམ་ལ་རྒྱུས་ལོན་བྱས། དེ་དང་མཉམ་དུ།  མེ་གསོད་རུ་མི་དང་མཉམ་དུམཐུན་སྒྲིལ་ནི་སྟོབས་ཤུགས་ཡིནཞེས་པའི་གླུ་དབྱངས་མཉམ་ལེན་བྱས་པ་སོགས་བྱ་འགུལ་སྣ་མང་ལ་བརྟེན་ནས་ཏང་རྩ་འཛུགས་ཀྱི་བར་དང་ཏང་ཡོན་སོ་སོའི་བར་ནས་འབྲེལ་འདྲིས་རྒྱུས་ལོན་བྱས་ཏེ་ཏང་ཀྲི་པུའུ་ཡི་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།

གསར་བརྗེའི་གློག་བརྙན་གཅིག་ལ་བལྟ་བའི་བྱ་འགུལ་སྤེལ་ཡོད་དེ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙནརླབས་ཆེ་བའི་གུང་ཁྲན་ཏངལ་བལྟས་པ་བར