首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང86པ)གཅན་ཚ་རྫོང་གིས“ཨང་དང་པོར་འཇོག་དགོས་པ་གསུམ”གྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་མཐོ་རྒྱུགས་ཀྱི་གྲ་སྒྲིག་བྱ་བ་གཉིས་ལེགས་པར་བསྒྲུབས།
来源:尖扎县人民政府办公室     时间:2020年07月29日    

ཨང86

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།                        2020ལོའི་ཟླ་7ཚེས་2ཉིན།

མཐོ་རྒྱུགས་ནི་རང་རྒྱལ་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་འདེམས་སྒྲུག་དང་སྤྱི་ཚོགས་དྲང་གཞག་ཡོང་བ། རྒྱ་ཆེའི་སློབ་མ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ནས་ཡོད་པ་ཞིག་ཀྱང་རེད། ད་ལོ་རང་རྫོང་དུ་མཐོ་རྒྱུགས་མིང་ཐོ་འགོད་མཁན་གྱི་མི་གྲངས795ཡོད་པ་དང་དངོས་སུ་རྒྱུགས་རར་ཞུགས་མཁན་མི་གྲངས593ཡོད་པ་རེད། རིམས་ནད་དང་རྒྱུགས་སྤྲོད་གྲ་སྒྲིག་བྱ་བ་གཉིས་ཀྱི་གནོན་ཤུགས་ལ་ཁ་གཏད་དེ། རང་རྫོང་གིསཨང་དང་པོར་འཇོག་པ་གསུམགྱི་བྱ་བ་གཙོ་སྙིང་དུ་བཟུང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་མཐོ་རྒྱུགས་ཀྱི་གྲ་སྒྲིག་བྱ་བ་གཉིས་ནན་ཏན་ངང་བསྒྲུབས་ཐོག མཐོ་རྒྱུགས་དེ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱུགས་སྤྲོད་སློབ་མར