首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང89པ)རྨང་གཞིའི་སློབ་གསོར་དམ་པོར་དམིགས་ཏེ།བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་བསྐྲུན།
来源:尖扎县人民政府办公室     时间:2020年08月04日    

  ཨང89བ། 

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།                 2020ལོའི་ཟླ7པའི་ཚེས6ཉིན།


སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་སྟོབས་ལྡན་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར།ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། ཀུན་སྤྱོད། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན་ཡོད། ཞིང་སྡེའི་སློབ་གསོ་དེ་རྨང་གཞིའི་སློབ་གསོར་བརྩི་དགོས་ལ། སློབ་གསོའི་མ་ལག་ཁྲོད་དུ་རྨང་གཞིའི་རང་བཞིན་དང་སྔོན་ཁྲིད་རང་བཞིན་གྱི་གོ་གནས་སུ་གནས་ཡོད་པས། ཞིང་སྡེའི་སློབ་གསོ་གཙིགས་སུ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། ཙུང་ལི་ལི་ཁེ་ཆང་གིས་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་། ཞང་དང་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་མཛུབ་སྟོན་ཐེངས་མང་བོ་གནང་སྟེ། ཕྱོགས་གང་ཐད་ནས་བྱ་ཐབས་སྣ་མང་སྤྱད་དེ་ཕྲུ་གུ་ཚོར་འདྲ་མཉམ་གྱི་སློབ་གསོ་ཐོབ་པའི་ཆ་རྐྱེན་གང་ལེགས་བསྐྲུན་ཐུབ་པའི་བླང་བྱ་བཏོན་ཡོད།

གཅན་ཚ་རྫོང་ནི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཤིན་ཏུ་དབུལ་བའི་རྫོང་ཞིག་ཡིན། ས་བབ་ཆགས་ཚུལ་དང་། མི་རིགས་ཀྱི་རིག་གནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་གྱི་དབང་གིས་རྫོང་ཁོངས་ཀྱི་སློབ་གཉེར་གྱི་ཆ་རྐྱེན་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པས། སློབ་གྲྭར་ཞུགས་དཀའ་བའི