首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང90པ)གཅན་ཚ་རྫོང་གིས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་ལས་ཀ་ལེགས་པར་བསྒྲུབ་པ།
来源:尖扎县人民政府办公室     时间:2020年08月04日    

ཨང90པ།

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།             2020ལོའི་ཟླ7པའི་ཚེས6ཉིན།


ཉེ་བའི་ལོ་ཤས་རིང་ལ། གཅན་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུརྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་འཆར་གཞི་དེ་གཞི་རིམ་གྱི་འཇོན་མིའི་དཔུང་སྡེ་འཐུས་ཚང་དུ་གཏོང་བའི་ཐབས་ལམ་གལ་ཆེན་དུ་བཟུང་ནས། རང་འགུལ་སྒོས་གཞི་རིམ་གྱི་ཞབས་ཞུའི་ལས་ཁུངས་ཁག་དང་ཉེ་བར་འབྲེལ་ཏེ། ཁ་ཚ་དགོས་གཏུགས་ཏུ་གྱུར་པའི་ལས་རྐང་རྣམས་བསྡུ་རུབ་བྱེད་པའི་འཆར་གཞི་རུ་བཅུག་ཅིང་། གཞི་རིམ་གྱི་མི་བཀོལ་ལས་ཁུངས་ལ་སློབ་གྲྭ་ཆེན་མོ་ནས་ཐོན་པའི་འཇོན་མི་ནན་ཏན་གྱིས་འདེམ་སྒྲུག་བྱས་པ་རེད།  མིག་སྔར། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་ལས་བྱེད་མི་སྣ68ཡོད་ལ། 2020ལོར་ད་དུང་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་ལས་བྱེད་མི་སྣ60བསྡུ་རུབ་བྱ་འཆར་ཡོད་པ་རེད། ཡིན་ན་ཡང་། རང་རྫོང་གིརྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་ལས་ཀའི་འཕེལ་རིམ་ལ་གཞིགས་ན། ད་དུང་ཡང་མི་འདང་བའི་ཆ་དུ་མ་ཡོད་པ་ནི། མི་བཀོལ་ལས་ཁུངས་ཀྱིས་ལས་གནས་ནས་དགོངས་ཞུ་བྱེད་པ་སོགས་དུས་ལྟར་ཡར་ཞུ་དང་ཐོ་འགོད་མ་བྱས་པ་སོགས་གནང་ཞུའི་ལམ་ལུགས་ལག་བསྟར་བྱས་པ་མི་འདང་བ་དང་། མི་བཀོལ་ལས་ཁུངས་ཁག་ཅིག་གིས་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་ལས་བྱེད་མི་སྣའི་བྱ་བའི་ཧུར་སེམས་སྐུལ་སྤེལ་ལེགས་པོ་མ་བྱས་པའི་དབང་གིས་རྒན་གསོ་དང་སྨན་བཅོས། ལས་རྨས། ལས་ཤོར་ཉེན་སྲུང་སོགས་སྤྱི་ཚོགས་ཉེན་སྲུང་མ་དངུལ་དུས་ལྟར་སྤྲོད་མ་ཐུབ་པའི་སྣང་ཚུལ་བྱུང་ཡོད་པ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱོགས་གཅིག་ནས་གཞི་རིམ་མི་བཀོལ་ལས་ཁུངས་ཀྱི་མི་སྣའི་དོ་དམ་ལེགས་པོ་མིན་པ་དང་། ལམ་ལུགས་རང་བཞིན་གྱི་དོ་དམ་བྱེད་སྟངས་ཆགས་མེད་པས་ཡིན་ལ། ཕྱོགས་གཞན་ཞིག་ནས་ལས་བྱེད་མི་སྣའི་ཉིན་རྒྱུན་གྱི་ལས་ཀ་དང་འཚོ་བར་ཐུགས་ཁུར་བྱས་པ་མི་འདང་བས་བློ་བདེ་བག་ཕེབས་ཀྱི་ལས་ཀའི་ཁོར་ཡུག་ཅིག་བསྐྲུན་ཐུབ་མེད་པས་རྐྱེན་གྱིས་རེད།

གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད། རང་རྫོང་གིས་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་འབྲེལ་ཡོད་ལས་ཀ་མུ་མཐུད་ནས་བསྒྲུབ་རྒྱུ་ཡིན། གཅིག ཚགས་པར་དང་བརྙན་འཕྲིན། དྲ་རྒྱ་སོགས་གསར་འགྱུར་སྨྱན་བྱེད་ལ་བརྟེན་ནསརྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་སློབ་ཆེན་སློབ་མ་རྣམས་ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀར་ཟབ་ཞུགས་བྱས་ཚུལ་དྲིལ་སྒྲོག་ཤུགས་ཆེར་བྱས་ནས། སློབ་ཆེན་སློབ་མས་གཞི་རིམ་ཞབས་ཞུའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་དགུ་འདོན་པའི་སྣང་ཚུལ་ལེགས་པོ་བསྐྲུན་དགོས། གཉིས། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིགགི་ལས་བྱེད་མི་སྣའི་རྒན་གསོ་དང་སྨན་བཅོས། ལས་རྨས། ལས་ཤོར་ཉེན་སྲུང་སོགས་སྤྱི་ཚོགས་ཉེན་སྲུང་ལེགས་པར་བསྒྲུབས་ནས་ཁོ་ཚོའི་ལས་ཀ་དང་འཚོ་བར་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་པ་དང་། དུས་ལྟར་འཕྲོད་བསྟེན་དང་བདེ་འཇགས། བདེ་ཐང་སོགས་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན། གསུམ། ཉིན་རྒྱུན་གྱི་དཔྱད་སྡུར་དང་ལོ་འཁོར་དཔྱད་སྡུར་གཉིས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལྟར། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག