首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང91པ)གཅན་ཚ་རྫོང་གིས“བྱེད་ཕྱོགས་ལྔའི”ཐབས་ཇུས་ལ་བརྟེན་ནས་སློབ་བྱོལ་ཚོད་འཛིན་སྒོས་སློབ་ཞུགས་ཀྱི་འབྲས་བུ་སྲ་བརྟན་དུ་བཏང་།
来源:尖扎县人民政府办公室     时间:2020年08月04日    

ཨང91པ།

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།             2020ལོའི་ཟླ7ཚེས6ཉིན།


རིམས་ནད་བྱུང་བ་ནས་བཟུང་། རང་རྫོང་གིསཁྲིམས་ལྟར་སློབ་གསོ་སྐྱོང་བ་དང་། སྔོན་འགོག་གཙོ་བོར་འཛིན་པ། འགོག་བཅོས་ཟུང་འབྲེལ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པབཅས་ཀྱི་སློབ་བྱོལ་ཚོད་འཛིན་བྱེད་ཕྱོགས་གཙོར་བཟུང་སྟེ། བཅའ་ཁྲིམས། དྲིལ་བསྒྲགས། བསླབ་བྱ། རོགས་རམ། བརྩེ་བབཅས་ཀྱི་བྱེད་ཕྱོགས་ལྔ་ལ་བརྟེན་ནས་ཐབས་ཇུས་སྔར་བས་མངོན་གསལ་དུ་བཏང་བ་དང་། རིམས་ནད་ཀྱིས་རྐྱེན་ལས་སློབ་མཚམས་འཇོག་པའི་གནས་ཚུལ་སྔོན་འགོག་བྱས་ཏེ་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ཕན་འབྲས་ངེས་ཅན་ཐོན་ཡོད་པ་རེད།

ངེས་པར་རྒྱལ་ཐུབ་པའི་ཆོད་སེམས་ལ་བརྟེན་ནས་སློབ་ལོ་རན་པའི་བྱིས་པའི་སློབ་སྦྱོང་གི་ཁེ་དབང་སྲུང་སྐྱོབ་བྱས་པ། རང་རྫོང་གི་མི་དམངས་སྤྱིའི་རིག་གནས་ཆུ་ཚད་དམའ་ཞིང་། དེའི་ཁར་གྲངས་ཉུང་མི་རིགས་ཀྱིགཉེན་སྒྲིག་སྔ་མོ་ནས་བྱས་ཏེ་དང་སྔ་མོ་ནས་ཡོང་སྒོ་བཙལ་བའིརྗེས་ལུས་ཀྱི་བསམ་བློ་ད་དུང་སྔར་བཞིན་གནས་སྟབས། སློབ་ལོ་རན་པའི་སློབ་མ་ཉུང་ཤས་ལ་སློབ་གསོ་མྱོང་བའི་དབང་ཆ་མེད་པར་གྱུར་བ་རེད། རང་རྫོང་གིས་སྡེ་ཚན་གྱི་འགན་འཁྲི་ཞིབ་ཕྲ་ཅན་དུ་བཟོས་ནས་སྡེ་ཚན་ཁག་དང་དམིགས་ཚད་འགན་འཁྲིའི་ཡི་གེ་བྲིས་ཏེ་གཙོ་འགན་མར་གཏོང་བྱས། དུས་མཚུངས་སུ། སློབ་མའི་ཁྱིམ་བདག་ཚོགས་འདུ་དང་། ཁ་པར། སྐད་འཕྲིན་ཚོགས་པ་སོགས་ཀྱི་ལམ་བུ་སྣ་ཚོགས་ལ་བརྟེན་ནསའོས་འགན་སློབ་གསོའི་བཅའ་ཁྲིམསདངནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམསསོགས་ཀྱི་བཅའ་ཁྲིམས་ཧུར་ཐག་གིས་དྲིལ་བསྒྲགས་བྱས། ངེས་པར་དུ་རྒྱལ་དགོས་པའི་ཆོད་སེམས་ཡིད་ལ་བཅངས་ཏེ་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་སློབ་ལོ་ལོན་པའི་བྱིས་པའི་སློབ་སྦྱོང་གི་ཁེ་དབང་སྲུང་སྐྱོབ་བྱས།

འགན་འཁྲིའི་བསམ་པ་བཅངས་ནས་སློབ་གྲྭ་དང་ཁྱིམ་ཚང་གི་མཉམ་ཤུགས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའིམཇུག་མཐའི་འགག་སྒོཤར་སྒྲོལ་བྱས་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་རིམ་བཞིན་ཇེ་ཆུང་དུ་སོང་བ་དང་བསྟུན་ནས། རང་རྫོང་གི་སློབ་གྲྭ་སོ་སོས་སྔ་རྗེས་སུ་སློབ་ཁྲིད་སླར་གསོ་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ཆེས་དམའ་བར་བཏང་བ་དང་།  སློབ་མ་རྣམས་ལ་བདེ་འཇགས་ངང་སློབ་ཁྲིད་སླར་གསོ་ཡོང་བར་འགན་ལེན་བྱས། རང་རྫོང་གིསསེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་འགོག་པ་དང་། ཁྲིམས་སྲུང་འགན་སྒྲུབ་ཀྱི་ཁེ་དབང་སྲུང་སྐྱོབ། ཤེས་བྱར་བརྟེན་ནས་ལས་དབང་བསྒྱུརཞེས་པའི་སྒོ་མོ་ལས་ཆས་ཏེརྒྱ་ཆེ་བའི་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིགཅེས་པ་བྲིས་ཤིང་། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྐབས་ཀྱི་སློབ་ཁྲིད་སླར་གསོ་བྱེད་པར་སློབ་མ་དང་ཁྱིམ་བདག་གི་སེམས་ཁྲལ་དང་བློ་དོགས་པ་སེལ་བར་བྱས། སློབ་མའི་ཁྱིམ་བདག་གིས་ཀྱང་རིམས་ནད་ཀྱི་རིང་ལ་སློབ་གྲྭའི་སློབ་གསོའི་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་སློབ་གྲྭ་དང་ཁྱིམ་ཚང་ཐུན་མོང་གི་སྟོབ་ཤུགས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གིམཇུག་མཐའི་འག