首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང92པ)གནོད་ཐེབས་གནས་ཚུལ་ཆེད་དོན།
来源:尖扎县人民政府办公室     时间:2020年08月04日    

ཨང92པ།

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།            2020ལོའི་ཟླ7ཚེས9ཉིན།


2020ལོའི་ཟླ7ཚེས8ཉིན་གྱི་དགོང་མོར། རང་རྫོང་དུ་དྲག་ཆར་བབས་ཏེ་ཞང་དང་གྲོང་རྡལ་ཁག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེའི་གནས་ཚུལ་བྱུང་། ཐོག་མའི་བསྡོམས་རྩིས་བྱས་པ་བརྒྱུད། གནོད་འཚེ་ཕོག་པའི་གནས་ཚུལ་གཤམ་གསལ་ལྟར།

མར་ཁུ་ཐང་གྲོང་རྡལ་དུ་གནོད་འཚེ་ཕོག་པའི་གནས་ཚུལ། མར་ཚོ་གཞུང་ལམ་ཡོ་ཆེ་སྡེ་བའི་རུ་ཁག་གཉིས་པའི་མཚམས་ཀྱི་ལམ་ངོས་སུ་འདམ་རྫབ་ཆེན་པོ་བྱུང་སྟེ་རླངས་འཁོར་གྱི་རིགས་དང་རྐང་ཐང་བ་འགྲོ་འོང་བྱེད་ཐབས་བྲལ་བར་གྱུར་བ་རེད།  ད་ལྟ་བགྲོད་ལམ་སྟེང་གི་འདམ་རྫབ་གཙང་སེལ་བྱས་ཚར་ལ་འགྲོ་ལམ་རྒྱུན་ལྡན་དུ་གྱུར་ཏེ་ཤར་བགྲོད་ཐུབ་པར་བྱས་ཡོད་ལ། སྦྲུལ་ལྕེ་ཐང་གསར་སྡེ་བའི་འཕྲུལ་སྒུལ་ས་ཚིགས་སུ་བྱེ་འདམ་གྱིས་ཁེངས་པ་དང་། གཞན་ཡོ་ཆེ་སྡེ་བའི་རུ་ཁག་གཉིས་པའི་གྲོ་ཞིང་ཁག་ཅིག་ལའང་དྲག་ཆར་གྱི་གཏོར་བརླག་ཐེབས།

གདོང་སྣ་གྲོང་རྡལ་དུ་གནོད་འཚེ་ཕོག་པའི་གནས་ཚུལ། མ་ཁང་གཞུང་ལམ(མཁོ་ཚོང་ཁང་གི་ལམ་མཚམས)དང་སྔོ་རྒྱ་འགག་ནས་ཁམས་ར་བར་གྱི་གཞུང་ལམ(བཀྲ་ཤིས་ཐང་ཆེན་གྱི་ལམ་མཚམས)གྱི་ལམ་བར་ཆུས་བསྣུབས་པ་དང་། ལམ་འགྲམ་གཞོགས་གཉིས་ཀྱི་ཚོང་ཁང་9དང་ཁང་དབྱང་གྲོང་རྡལ་ཡིད་རྟོན་ཁང་གི་རྒྱབ་ཕྱོགས་ཀྱི་ཞིང་ཁྱིམ3དུ་ཆུ་ཤོར། ད་ལྟ་བསགས་ཆུ་ཡོད་ཚད་ཕྱིར་གཏོང་བྱས་ཟིན།

ཚོ་དྲུག་ཞང་ལ་གནོད་འཚེ་ཕོག་པའི་གནས་ཚུལ། སྔོ་སྐྱ་སྡེ་བའི་རྡོ་རིང་རུ་ཁག་དང་པོ་དང་གཉིས་པའི་གློག་སྡོང་བརྡིབས་པ་དང་། གློག་གནོན་སྒྱུར་ཆས་ཀྱི་རྟིང་གཞི་མར་བབས་པར་རྫོང་གློག་ཤུགས་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་མྱུར་གསོ་བྱེད་བཞིན་ཡོད།

གཅན་ཚ་ཐང་ཞང་དུ་གནོད་འཚེ་ཕོག་པའི་གནས་ཚུལ། རྐང་མོ་སྡེ་བའི་ཞིང་ཁྱིམ་གཅིག་གི་ཁང་པའི་ཀླད་རྡིབ་པ་དང་། ཁྱིམ་སྤྱོད་འཚོ་བའི་མཁོ་ཆས་ཁག་ཅིག་ལ་གཏོར་སྐྱོན་ཕོག

འགྲིམ་འགྲུལ་ཐད་གནོད་འཚེ་ཕོག་པའི་གནས་ཚུལ། ཚིའུ་མའོ་སྐུད་ཐིག་G213(སྔོན་གྱིS203ཕིན་གསེར་སྐུད་ཐིགK1311+200MནསK1311+100M)ཁུལ་དུ་འདམ་རྡོའི་ཆུ་རུད་ཧྥང1500ལྷག་ཙམ་ཐོན་པ་དང་། འཕྲུལ་འཁོར་གྱི་རིགས་དང་རྐང་ཐང་བ་ཤར་སྐྱོད་བྱེད་ཐབས་བྲལ་བར་གྱུར། ད་ལྟ་གཞུང་ལམ་མྱུར་གསོ་བྱེད་བཞིན་ཡོད་ལ་སྔོན་དཔག་བྱས་ན་སྔ་དྲོའི་ཆུ་ཚོད་12ཐོག་སླར་གསོ་བྱ་ཐུབ་རྒྱུ་རེད།

མིག་སྔར་རྫོང་ཡོངས་སུ་མི་སྣ་ཤི་རྨས་བྱུང་མེད་པ་དང་གནོད་འཚེ་ཕོག་ཚུལ་ལ་གོམ་གང་མདུན་སྤོས་ཀྱིས་བསྡོམས་རྩིས་བྱེད་བཞིན་ཡོད་པ་རེད། རང་བྱུང་ཐོན་ཁུངས་དང་། འགྲིམ་འགྲུལ། འཕྲལ་བསྟུན། གློག་ཤུགས་སོགས་སྡེ་ཚན་གྱི་ཉེན་སེལ་གེགས་ཕྱུངས་ཀྱི་བྱ་བ་གོ་རིམ་