首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང93པ)གནོད་འཚེའི་ཆ་འཕྲིན།
来源:尖扎县人民政府办公室     时间:2020年08月04日    

     ཨང93པ 

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།                 2020ལོའི་ཟླ7པའི་ཚེས9ཉིན།


  2020ལོའི་ཟླ7པའི་ཚེས8ཉིན་གྱི་དགོང་མོར།  རང་རྫོང་དུ་ཆར་ཞོད་ཆེན་པོ་བབས་ནས་ཞང་དང་གྲོང་རྡལ་ཁག་ཅིག་ལ་གནད་འཚེ་ཐེབས་ཡོད་འདུག  ཞིབ་རྩིས་བྱས་པ་ལས་བྱུང་བའི་གནས་ཚུལ་གཤམ་གསལ་ལྟར།

མར་ཁུ་ཐང་གྲོང་རྡལ་གྱི་གནོད་ཐེབས་གནས་ཚུལ།  མར་ཁུ་ཐང་ནས་ཚོ་དྲུག་བར་གྱི་གཞུང་ལམ་གྱི་ཡོ་བོ་ཆེ་སྡེ་བའི་ལམ་མཚམས་སུ་འདམ་བྱེ་བླུགས་པས་རླངས་འཁོར་དང་ལམ་འགྲོ་བ་བགྲོད་དཀའ་བའི་གནས་ཚུལ་བྱུང་བ་ད་ལྟ་དངོས་སུ་ཤར་གཏོང་བྱེད་ཐུབ་ཡོད། མར་ཁུ་ཐང་གྲོང་རྡལ་གྱི་སྡེ་བ་ཁག་ལ་ཆར་ཞོད་ཀྱི་གནོད་པ་ཐེབས་ནས་ཞིང་ས་བརླག་པའི་གནས་ཚུལ་འདུག་པ་དང་། གྱོང་གུན་ཐེབས་པའི་ཁྱིམ་ཚང163དང་གནོད་ཐེབས་རྒྱ་ཁྱོན་ནི་མུའུ405ཡིན།  དེའི་ནང་དུ་སྦྲུལ་ལྕེ་སྡེ་གསར་གྱི་ཁྱིམ་ཚང35ཡི་མུའུ135དང་། སྦྲུལ་ལྕེ་ཧྲེ་དང་པོའི་ཁྱིམ་ཚང70ཡི་མུའུ150  འཁོན་ས་ཐང་སྡེ་བའི་ཁྱིམ་ཚང10ཡི་མུའུ20  ཉ་མོ་ལུང་བ་སྡེ་བའི་ཁྱིམ་ཚང8གྱི་མུའུ90བཅས་ཡིན་པ་དང་།ཞིང་ལས་འཕྲུལ་ཆས་ས་ཚིགས་ཀྱི་ས་ཞིང་གི་ཞིང་རྐ་རྨིད100ལྷག་གི་ནང་དུ་འདམ་བྱེ་ཡིས་བཀང་ཡོད་པ་བཅས་དཔལ་འབྱོར་གྱོང་གུན་སྒོར་ཁྲི35.8ཡས་མས་ཡིན་འདུག 

གདོང་སྣ་གྲོང་རྡལ་གྱི་གནོད་ཐེེབས་གནས་ཚུལ།  མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ་གྱི་མཁོ་ཚོང་ཧྲེ་ཡི་ལམ་མཚམས་དང་སྔོ་རྒྱ་འགག་ནས་ཁམས་རའི་གཞུང་ལམ་གྱིབདེ་སྐྱིད་ཐང་ཆེན་གྱི་ལམ་མཚམས་ཀྱི་ལམ་ངོས་སུ་ཆུ་འཁྱིལ་ཡོད་པ་དང་། ཆུ་རྐའི་རྨིད100ཡི་མཚམས་སུ་འདམ་བྱེ་ཡིས་བཀང་འདུག་ལ།  ལམ་འགྲམ་གྱི་ཚོང་དུད9དང་གདོང་སྣ་གྲོང་རྡལ་ཡིད་རྟོན་ཁང་གི་རྒྱབ་ཕྱོགས་ཀྱི་ཁྱིམ་ཚང7གྱི་ཁྱིམ་ནང་དུ་ཆུ་འཁྱིལ་ཡོད་པ་ཚང་མ་གཙང་སེལ་བྱས་ཟིན། དེའི་ནང་དུ་ཁྱིམ་ཚང10ཡི་དཔལ་འབྱོར་གྱོང་གུན་དེ་སྒོར30096ཡིན།

སྣང་ར་ཞང་གི་གནོད་ཐེབས་གནས་ཚུལ།  གྲོང་བརྒྱད་ལྷ་མཚོ་ཕག་ཕྲུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་གཞུང་ལས་ཁང4དང་རྨིད་གྲུ་བཞི་མ400ཅན་གྱི་ཕག་ཁང་གི་ལྕགས་བཟོས་རྒྱབ་ཕིབས་ལ་གནོད་པ་ཚབས་ཆེན་ཐེབས་ནས་དཔལ་འབྱོར་གྱོང་གུན་སྒོར་ཁྲི30ལྷག་ཡིན་པ་དང་། མཉམ་ལས་ཁང་དུ་བགྲོད་པའི་སྤྱི་ལེ2ཡོད་པའི་ལམ་མཚམས་འདམ་བྱེ་ཡིས་བཀག་ཡོད་པ་ད་ལྟ་དངོས་སུ་གཙང་སེལ་བྱས་ཟིན། དེ་མ་ཟད་རྟ་ར་ཁ་སྡེ་བའི་ཁྱིམ་ཚང2ཀྱི་ཁང་མིག29ཡི་གྱང་ལ་སེར་ཁ་བགས་པ་དང་ཁྱིམ་ཚང1གི་གྱང་རྟིང་མར་བབས་འདུག 

ཚོ་དྲུག་ཞང་གི་གནོད་ཐེབས་གནས་ཚུལ།   རྡོ་རིང་སྡེ་བའི་གློག་སྡོང་ལོག་ཡོད་པ་དང་གློག་གི་ཨ་མའི་རྟིང་གཞི་མར་བབས་པས་རྫོང་གློག་ཤུགས་སྡེ་ཁག་གིས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན།

གཅན་ཚ་ཐང་ཞང་གི་གནོད་ཐེབས་གནས་ཚུལ།   རྐང་མོ་སྡེ་བའི་ཁྱིམ་ཚང1གི་ཁང་མིག་གཅིག་གི་ཁང་ཀླད་བཀོག་པ་དང་ཁང་མིག་གཉིས་ཀྱི་གྱང་ངོས་སེར་ཁ་བཀས་ནས་འཚོ་བའི་མཁོ་ཆས་སྐོར་ཞིག་བཅག་པ་བཅས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི1.5ཡིན།

འགྲིམ་འགྲུལ་ཐད་ཀྱི་གནོད་ཐེབས་ཀྱི་གནས་ཚུལ།  G213གཞུང་ལམ་གྱི་སྟེང་དུ་རྨིད་རྒྱ་དཔངས་གྲུ་བཞི་མ1500ལྷག་གི་འདམ་ཉུལ་བྱུང་བས་རླངས་འཁོར་དང་ལམ་འགྲོ་བ་བཀག་པ་དང་། ད་ལྟ་སྤྱིའི་ཆ་ནས་ཤར་བགྲོད་ཐུབ་ཡོད།