首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང96པ) “ཟས་རིགས་བདེ་འཇགས་ཆ་འཕྲིན་ཅན”གསར་གཏོད་དང་དར་སྤེལ་གཏོང་བ།
来源:尖扎县人民政府办公室     时间:2020年08月24日    

ཨང96པ།

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།      2020ལོའི་ཟླ7པའི་ཚེས17ཉིན།


ཟས་རིགས་བདེ་འཇགས་ནི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་ཉེན་ཁ་ཆེ་ཞིང་ཚོར་བ་སྐྱེན་པའི་གནས་ཤིག་ཡིན་ལ། སྲོལ་རྒྱུན་གྱི་ལྟ་སྐུལ་དོ་དམ་བྱེད་ཕྱོགས་ལ་མི་དང་དུས་ཚོད། སྒྲིག་ཆས་སོགས་ཀྱི་ཚད་བཀག་ཐེབས་ཡོད་པ་རེད། ཟས་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་གནས་བབ་གསར་བ་དང་གནད་དོན་གསར་བར་དམིགས་ནས། གཅན་ཚ་རྫོང་གིས་མཉམ་འབྲེལ་དྲ་རྒྱ་དང་སྲིད་གཞུང་། ཁེ་ལས། འཛད་སྤྱོད་པ་སོགས་ངོ་བོ་གཅིག་འདུས་ཡིན་པའི་རྣམ་པ་གསར་བའི་ལྟ་སྐུལ་དོ་དམ་བྱེད་ཐབས་དང་ཉེ་བར་འབྲེལ་ནས། ཚོད་ལྟ་ཞིབ་བཤེར་དང་མཉམ་འབྲེལ་དྲ་རྒྱ། མིས་བཟོས་རིག་ནུས། གཞི་གྲངས་ཆེན་པོའི་སྔོག་འདོན་སོགས་གཅིག་བསྡུས་ཀྱིས་བཀོལ་སྤྱོད་བྱས་ཏེ། ཟས་རིགས་བདེ་འཇགས་ཆ་འཕྲིན་ཅནགསར་གཏོད་དང་དར་སྤེལ་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་སྤུས་ལེགས་ཅན་དང་སྣ་མང་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ་རེད།

ཟས་རིགས་བདེ་འཇགས་ཐད་ཀྱི་ཡུལ་དངོས་མ་ཡིན་པའི་ལྟ་རྟོག་གར་སྟེགས་བསྐྲུན་པ།  རྫོང་ཡོངས་ཀྱི་བཟའ་བཏུང་མཁོ་སྤྲོད་ལས་ཁུངས289དང་སློབ་གྲྭ། བུ་བཅོལ་ཁང་སོགས་ལ་མ་དངུལ་སྒོར་ཁྲི75བཏང་ནས། ཇ་ཁང་སོ་སོར་བརྙན་མིག་གཅིག་ནས་ལྔ་བཙུགས་ཏེ་བཟའ་ཆས་ནང་འདྲེན་དང་ལས་སྣོན་གྱི་གོ་རིམ་ཡོངས་ལ་རྒྱང་མཐོང་ལྟ་རྟོག་བྱེད་ཐུབ་པ་མ་ཟད། སྒྲིག་འགལ་བྱེད་མཁན་གྱི་བདེན་དཔང་ཉར་ཚགས་བྱ་ཐུབ་པར་བཏང་ཡོད།

ཟས་རིགས་མྱུར་མགྱོགས་ཞིབ་བཤེར་ཁང་འཛུགས་སྐྲུན་བྱས་པ། མ་དངུལ་སྒོར་ཁྲི100བཏང་ནས་གཅན་ཚ་རྫོང་ ཟས་རིགས་མྱུར་མགྱོགས་ཞིབ་བཤེར་ཁང་འཛུགས་སྐྲུན་བྱས་པ་དང་། ཞིབ་བཤེར་གྱི་ནང་དོན་ཐད་ལྕགས་རིགས་ལྗིད་གྲས་དང་ཞིང་སྨན་གྱི་སྙིགས་རོ། ཟོག་སྨན་གྱི་སྙིགས་རོ། བཟའ་སྣུམ་གྱི་རྒྱུ་སྤུས་སོགས་རྣམ་གྲངས50ལྷག་འདུས་ཤིང་། བཟའ་ཆས་ཐོན་སྐྱེད་ཚོང་གཉེར་གྱི་གོ་རིམ་ཡོངས་ལ་ཉིན་ལྟར་ལྟ་སྐུལ་དོ་དམ་དང་ཆེད་དོན་ཞིབ་བཤེར། ཞུ་གཏུག་ཐེར་འདོན་སོགས་བྱས་ཏེ་གཞི་རིམ་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་ཤུགས་མཐོར་འདེགས་བཏང་བ་མ་ཟད། ཁྲིམས་འཛིན་མི་སྣའི་ལག་རྩལ་བེད་སྤྱོད་ནུས་པ་མཐོར་འདེགས་དང་ཟས་རིགས་མྱུར་མགྱོགས་ཞིབ་བཤེར་ཁང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཆེད། ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་མི་སྣ་བཅུ་ལ་མ་ལག་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་ཏེ། སྒྲིག་ཆས་བེད་སྤྱོད་དང་སྨན་སྦྱོར་ལག་ལེན། ལག་ལེན་གྱི་གོ་རིམ་སོགས་ཟས་རིགས་ཞིབ་བཤེར་ལག་རྩལ་ལ་བྱང་ཆ་ལྡན་པར་བཏང་།

ཟས་རིགས་བདེ་འཇགས་ཆ་འཕྲིན་ཅནགྱི APPབེད་སྤྱོད་ལ་བརྟེན་ནས་ལྟ་སྐུལ་དོ་དམ་གྱི་གཞི་གྲངས་གསལ་བར་བྱས་པ། ཟས་རིགས་བདེ་འཇགས་ཀྱི་ཡུལ་དངོས་མ་ཡིན་པའི་གློག་རྡུལ་ལྟ་སྐུལ་དོ་དམ་ལས་སྟེགས་གསར་བསྐྲུན་བྱེད་པ་རྨང་གཞིར་བཟུང་ནས། དམངས་སྒོར་ཁྲི40ཡི་མ་དངུལ་བཏང་སྟེ་ཚོང་རའི་ཡིག་ཚགས་དོ་དམ་གྱི་མ་ལག་ཕལ་བ་དང་ཟས་རིགས་བདེ་འཇགས་ས་ཁྲའི་སྤྱི་སྟེགས། ཕྱོགས་བསྡུས་སྡོམ་རྩིས་ཀྱི་དབྱེ་ཞིབ་མ་ལག་སོགས་ཟས་རིགས་དང་སྨན་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་དུ་གཏོང་བའི་ལས་གཞི་འཛུགས་སྐྲུན་བྱས་ཏེ། ཟས་རིགས་བདེ་འཇགས་ཆ་འཕྲིན་ཅནགྱི APPམ་ལག་དེ་ཁྲིམས་འཛིན་དང་ཁེ་ལས་ཕྱོགས་གཉིས་སུ་བཀར་ནས་སྲིད་འཛིན་སྡེ་ཁག་གི་ཉིན་རྒྱུན་གྱི་ལྟ་རྟོག་དོ་དམ་བྱེད་མཁན་དང་ལྟ་རྟོག་དོ་དམ་བྱ་ཡུལ་ལས་ཁུངས་ཀྱི་རང་ཉིད་རྟོག་ཞིབ་བྱ་ཐབས་སོགས་ལེགས་པར་གྲུབ་ཡོད།

སྲིད་འཛིན་ལྟ་སྐུལ་དོ་དམ་གྱི་ལས་ཕྱོད་མཐོར་འདེགས་བཏང་བ། ཡུལ་དངོས་མ་ཡིན་པའི་ལྟ་སྐུལ་དོ་དམ་སྤྱི་སྟེགས་བེད་སྤྱོད་བཏང་ན་མི་ཤུགས་དང་དུས་ཚོད་འཕྲོ་བརླག་བྱེད་མི་དགོས་ལ། ལྟ་སྐུལ་དོ་དམ་གྱི་ལས་ཕྱོད་མཐོར་འདེགས་ཆེན་པོ་གཏོང་ཐུབ་པ་མ་ཟད། ཟས་རིགས་བདེ་འཇགས་ལྟ་སྐུལ་དང་ཞིབ་བཤེར་གྱི་ཞན་ཆ་ལེགས་བཅོས་གཏོང་ཐུབ། ཚོང་གཉེར་བའི་རང་ཉིད་རྟོག་ཞིབ་གྱི་ཐད་ནས། ལྟ་སྐུལ་ཚོད་འཛིན་ལག་རྩལ་གྱིས་ལྟ་སྐུལ་དོ་དམ་གྱི་དུས་ཡུན་ཇེ་རིང་དུ་གཏོང་ཐུབ་པས་ཚོང་གཉེར་བའི་རང་འདོམས་ཀྱི་འདུ་ཤེས་མཐོར་འདེགས་གཏོང་བ་དང་ཇ་ཁང་གི་དོ་དམ་ཚད་ལྡན་ཅན་དུ་གཏོང་ཐུབ། སྤྱི་ཚོགས་ལྟ་སྐུལ་གྱི་ཐད་ནས། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་ངེས་མེད་དུ་ཟུར་བཀར་རྟོག་ཞིབ་བྱེད་པ་དང་། མཇུག་འབྲས་སྤྱི་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་སྣེ་ཁྲིད་བྱས་ཤིང་། ཚོང་གཉེར་བའི་རང་འདོམས་ཀྱི་འདུ་ཤེས་མཐོར་འདེགས་བཏང་བས་མིག་སྔའི་བར་བཟའ་བཏུང་ཚོང་གཉེར་གྱི་ལས་ཁུངས289ཙམ་ལ་རྒྱང་མཐོང་ལྟ་རྟོག་བྱེད་ཐུབ་པར་བྱས་ཡོད། ཟས་རིགས་བདེ་འཇགས་ཞིབ་བཤེར་ཆུ་ཚད་མཐོར་འདེགས་ཆེན་པོ་བཏང་། ཟས་རིགས་མྱུར་མགྱོགས་ཞིབ་བཤེར་ཁང་འཛུགས་སྐྲུན་བྱས་པ་དེས་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་དང་ལས་འཛོལ་ཉེན་ཁའི་ཚོད་འཛིན་མཐོར་འདེགས་བཏང་བས། ཞིང་ལས་ཐོན་རྫས་ཚོང་ར་དང་སློབ་གྲྭའི་ཇ་ཁང་སོགས་ས་གནས་གཙོ་བོ་ཁག་གི་དོགས་གནད་མྱུར་དུ་རྟོགས་པ་དང་། ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ། ཟས་རིགས་ནད་དུག་ཕོག་པའི་དོན་རྐྱེན་སྔོན་འགོག་བྱེད་ཐུབ་པ་མ་ཟད། རྨང་གཞིའི་ཞིབ་བཤེར་གྱི་གཞི་གྲངས་ཀྱི་གསོག་ཉར་དེས་ཟས་རིགས་བདེ་འཇགས་མ་ལག་འཛུགས་སྐྲུན་ལ་ཞིབ་ཅིང་དག་ཆ་ལྡན་པའི་གཞི་གྲངས་མཁོ་སྤྲོད་བྱ་ཐུབ་པ་ཡིན།

ཁེ་ལས་དང་འཛད་སྤྱོད་པ། ཚོང་ར་དོ་དམ་ལྟ་སྐུལ་སོགས་ངོ་བོ་གཅིག་འདུས་ཀྱི་མཉམ་བཅོས་ནུས་པ་མཐོར་འདེགས་བཏང་བ། བཟའ་བཏུང་ཞབས་ཞུའི་གོ་རིམ་ཡོངས་ལ་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། ཁྲིམས་འགལ་ཚོང་གཉེར་པར་རྡུང་རྡེག་ནན་མོ་བཏང་ནས་ཟས་རིགས་བདེ་འཇགས་ཀྱི་ལས་འཛོལ་འབྱུང་རྐྱེན་མེད་པར་བཏང་བ་དང་། ཁེ་ལས་ཀྱིས་མ་བཅོས་རྒྱུ་ཆར་ལས་སྣོན་དང་གསོལ་ཆས་དུག་སེལ་བྱེད་པ། གཡོས་ཁང་གི་སྙིགས་མ་གཙང་སེལ་བྱེད་པ་སོགས་གཙོ་གནད་དུ་བཟུང་ནས་རང་འགུལ་ཡོད་པར་བྱེད་པ་དང་། འཛད་སྤྱོད་པས་ཁ་པར་ལ་བརྟེན་ནས་ཐད་ཀར་བཟའ་བཏུང་མཁོ་སྤྲོད་ལས་ཁུངས་ཀྱི་ཇ་ཁང་གི་གཡོས་སྦྱོར་བྱ་རིམ་དང་ཟ་མའི་ཡོངས་ཁུངས། ཟས་རིགས་བདེ་འཇགས་ཀྱི་ཚད་རིམ་སོགས་ཤེས་རྟོགས་བྱ་ཐུབ་པ་མ་ཟད། བཟའ་བཏུང་མཁོ་སྤྲོད་ལས་ཁུངས་ཀྱི་གསོལ་ཆས་དུག་སེལ་དང་སྔོ་ཚོད་ཀྱི་རྒྱུ་སྤུས། ཁོར་ཡུག་གི་འཕྲོད་བསྟེན་སོགས་ལ་དཔྱད་ཞིབ་བྱས་ནས་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཚོགས་མཉམ་བཅོས་མངོན་འགྱུར་བྱས་པས། མིག་སྔར་ཟས་རིགས་ཚོང་གཉེར་ཁེ་ལས1032ཀྱི་ཡིག་ཚགས་དོ་དམ་ལེགས་འགྲུབ་བྱུང་ཡོད།

མ་འོངས་པར་ང་ཚོས་ཟས་རིགས་བདེ་འཇགས་ཆ་འཕྲིན་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་རིམ་གོང་ལྟ་སྐུལ་དོ་དམ་དང་ཆེད་ལས་སྒྲིག་ཆས་ཀྱིས་ཉིན་རྒྱུན་ལྟ་སྐུལ་དོ་དམ་བྱེད་པ་དེ་ཕྱོགས་བསྡུས་རང་བཞིན་ལྡན་པའི་ལྟ་སྐུལ་དོ་དམ་མ་ལག་ཏུ་བཅུག་ནས། ཟས་རིགས་བདེ་འཇགས་གཞི་གྲངས་ཅན་གྱི་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་པ་མ་ཟད། རྟོག་ཞིབ་མི་སྣའི་གསོ་སྦྱོང་དང་དོ་དམ་ལ་ཤུགས་བསྣན་ཏེ་ཟས་རིགས་མྱུར་མགྱོགས་ཞིབ་བཤེར་གྱི་ལས་ཀ་ཚད་ལྡན་དུ་གཏོང་རྒྱུ་ཡིན།