首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
2020ལོའི(ཨང160པ)ཤོ་རྒྱག་བྱ་སྤྱོད་ལ་རྡུག་རྡེག་དྲག་པོ་བཏང་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་སྲུང་སྐྱོང་བྱས།
来源:尖扎县人民政府办公室     时间:2020年11月16日    

ཨང160པ

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།                         2020ལོའི་ཟླ11ཚེས12ཉིན།


   ནག་འཛོམས་ངན་སེལགྱི་ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་བཏང་སྟེ། མངའ་ཁོངས་གྱི་ཁོར་ཡུག་བདེ་སྲུང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་བོ་སྲུང་སྐྱོབ་བྱེད་ཆེད། ཉིན་ཤས་རིང་བསྟུན་མར། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་རྫོང་ཡོངས་ཀྱི་སྤྱི་ཚོགས་བདེ་སྲུང་གི་མངོན་མེད་རྐྱེན་ངན་ལ་དམིགས་ནས་གཏིང་ཟབ་སྒོས་ཞིབ་བཤེར་བྱས་པ་མ་ཟད། ཞིབ་བཤེར་ཁྲོད་མངའ་ཁོངས་དུ་ཤོ་རྒྱག་རིགས་ཀྱི་ཁུངས་སྣེ་རྒྱུས་ལོན་བྱས།  དེ་བས། ངེད་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་གདེངས་འཇོག་མཐོན་པོ་བྱས་ཏེ། འཕྲལ་དུ་ཉེན་རྟོག་པ་བཀོད་སྒྲིག་བརྒྱབ་ནས་ཟླ11ཚེས12ཉིན་ཤོ་ཁང་གཉིས་རྩད་གཅོད་བྱུང་ནས་དོགས་ཡོད་ཉེས་ཅན50ལྷག་ཙམ་འཛིན་བཟུང་བྱས་པ་དང་རྒྱན་དངུལ་སྒོར་ཁྲི30ལྷག་ཙམ་གཞུང་བཞེས་བཏང་བ་རེད།

    ཕྱིས་སུ། རང་རྫོང་གིས་བོད་ཁུལ་དང་འབྲེལ་བའི་སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་ཁུལ་ཨུ་དང་ཁུལ་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ནསའཆམ་མཐུན་དཔལ་ཡོནགྱི་སྤྱི་ཚོགས་དམིགས་འབེན་དུ་བཟུང་ནས། མངའ་ཁོངས་ཀྱི་བདེ་སྲུང་དོ་དམ་ཚོད་འཛིན་གྱི་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དེ་དང་ཆབས་ཅིག་ཏུ། གོམས་སྲོལ་ངན་པ་བསྒྱུར་ནས་མང་ཚོགས་ཀྱི་རིག་གནས་རོལ་རྩེད་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་དང་། དཔལ་ཡོན་གྱི་དར་སྲོལ་གསར་བ་བསྐྲུན་ཏེ། ཧུར་ཐག་སྒོས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་སྲུང་སྐྱོབ་བྱེད་དགོས།