首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
(2021ལོའིཨང59པ)གཅན་ཚ་རྫོང་གིས“མན་ངག་བདུན”བཏོན་ནས་རི་མ་ས་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་གྱི་མིག་དཔེ་གཏོད་ཡོད།
来源:尖扎县人民政府办公室     时间:2021年05月19日    

ཨང57པ།

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།                   2021ལོའི་ཟླ4ཚེས28ཉིན།



ཉེ་བའི་ལོ་འགའི་རིང་ལ། གཅན་ཚ་རྫོང་གིས་ཞི་ཅིན་ཕིན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་མཛུབ་ཁྲིད་རྒྱུན་འཁྱོངས་དངརི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའིའདུ་ཤེས་ལག་བསྟར་བྱེད་པ། ཆེ་ཤོས་གསུམགྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་རྒྱུས་ལོན་བྱེད་པ། རང་ནུས་ཀྱི་ས་བབ་ལེགས་ཆ་དང་ཉམས་ཞན་ལྷུ་ཚིགས་དང་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ནསགཅིག་གཙོ་གཉིས་མཐོའིའཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེརི་ཆུ་སྟོང་གི་ཕྱུག་པའིརྨ་ལྷོའིསྐྱེ་ཁམས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཡོད།  ལོ་ལྔའི་རིང་ལ། སྡེབ་རྩིས་བྱས་ན་རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི50ལྷག་ཙམ་དང་མིས་བཟོས་ནགས་ཚལ་མུའུ་ཁྲི13ལྷག་ཙམ་ལེགས་འགྲུབ་བྱས་ཡོད། རྫོང་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་དེལོ་ལྔའི་འཆར་འགོད་བཅུ་གཉིས་པའི་མཇུག་གི28.2%ནས2020ལོའི་བར36.2% དང་བརྒྱ་ཆའི་གྲངས8མཐོར་འདེགས་བཏང་ནས་ལོ15ཡི་འཆར་འགོད་ཀྱི་སྤྱིའི་དམིགས་འབེན་གྱི་ལས་འགན་ལེགས་འགྲུབ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་རི་མ་ས་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་གྱི་མིག་དཔེ་གཏོད་ཡོད།

ཇུས་འགོད་གང་ལེགས་བྱས་སྟེ་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྤྱི་ཁྱབ་བཀོད་འདོམས་བྱེད་པ་དང་། འགོ་ཁྲིད་ཚན་ཁག་ཆེན་པོ་བཞི་དང་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་བཅས་ཡུག་སྦྲེལ་ཁུལ་ཁག་གི་བཀོད་འདོམས་དཔོན་དུ་བྱས། ཞང་དང་གྲོང་རྡལ་སོ་སོས་ས་ཆ་མཐུན་སྦྱོར་གྱི་འགན་འཁུར་བ་དངོས་འབེབས་བྱེད་ཆེད། ཞང་དང་གྲོང་རྡལ། ལས་ཁུངས་སོ་སོས་སྡོང་འཛུགས་འགན་འཁྲིའི་ཁུལ་དབྱེ་ནས་ཁག་བགོས་པའི་ལས་འགན་གཙང་ལེན་བྱས་ཏེ། ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་།  ལས་འགན་དང་དུ་ལེན་པ། འགན་འཁྲི་ཕྲག་ཏུ་འཁུར་བ། དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་བཅས་བྱས་ནས་མི་སྣ་དང་། ས་ཆ། སྡོང་འཛུགས། ཆུ་འདྲེན། དོ་དམ་སྲུང་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་བ་ཇུས་འགོད་ལེགས་པོ་བྱས་ཡོད།  སྡོང་འཛུགས་ནགས་སྐྲུན་གྱི་སྐབས་སུ། རྫོང་རིམ་པའི་འགོ་ཁྲིད་ཁག་དངོས་སུ་ཕེབས་ནས་མིག་དཔེ་སྟོན་པ་དང་ཁྱོན་ཡོངས་ནས་ཇུས་འགོད་བྱས་ཏེ། དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས་སྡོང་འཛུགས་ནགས་སྐྲུན་ཐད་ལ་ནུས་ཤུགས་ཡོད་རྒུ་བཏོན་ཡོད།

མཉམ་འབྲེལ་ལ་སྐུལ་འདེད་བཏང་ནས་རོགས་ལས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས། ཆུ་དང་། གློག། ལམ་བཅས་སྔོན་ལ་བེད་སྤྱོད་བྱེད་ཐུབ་པ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་བགོ་བ་དང་ཆུ་བེད་འགན་སྲུང་། བགྲོད་ལམ་འཛུགས་སྐྲུན་སོགས་ཀྱི་བྱ་བར་སྔ་མོ་ནས་ཞིབ་འཇུག་དང་ཇུས་འགོད་བྱས་ནསམཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གི་རྨ་འགྲམ་སྐྱེ་ཁམས་བཅོས་སྐྱོང་འཆར་འགོདདངམཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གི་ནགས་ཁུལ་སྲུང་སྐྱོབ་བེད་སྤྱོད་ཀྱི་འཆར་འགོདགཏན་འབེབས་བྱས། སྡེབ་རྩི་བྱས་ན་ནགས་ལས་དང་། ཆུ་བེད། འགྲིམ་འགྲུལ་སོགས་ཀྱི་ལས་གཞི་མ་དངུལ་སྒོར་དུང་ཕྱུར4.5སྡེབ་གསོག་བྱས་པ་དང་ལྗང་སྒྱུར་ལས་གཞིའི་གཞུང་ལམ་སྤྱི་ལེ362། ཆུ་གསོག་རྫིང་བུ127། ཆུ་འདྲེན་ཁང8། ཆུ་འཐེན་ས་ཚིགས5། ཆུའི་མཁོ་འདོན་སྦུ་གུ་རིང་ཚད་ལ་སྤྱི་ལེ2180བཅས་འཛུགས་སྐྲུན་བྱས། རང་བྱུང་ཐོན་ཁུངས་དང་།ཆུ་བེད། འགྲིམ་འགྲུལ། གློག་ཤུགས་སོགས་སྡེ་ཁག་གིས་རང་འགན་རང་འཁུར་དང་། ཐུན་མོང་གི་ནུས་ཤུགས་བཅས་ལ་བརྟེན་ནསསྡེ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང་བྱ་ཐབས་སྣ་མང་སྤྱོད་པ། མཉམ་འཛིན་སྤྱི་སྒྲུབ་བྱེད་པབཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་སུ་བཅུག་ནས་ནགས་ཚལ་ལྗང་སྒྱུར་གྱི་བྱ་བ་བདེ་བླག་ངང་སྤེལ་པར་ནུས་པ་གང་ལེགས་འདོན་སྤེལ་བྱས་ཡོད།

མཉམ་འདུས་ལ་ཤུགས་བསྣན་ཏེ་དམངས་ཡོངས་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བར་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ལ་སྡོང་འཛུགས་ནགས་སྐྲུན་གྱི་ དོན་སྙིང་གལ་ཆེན་དྲིལ་བསྒྲགས་བྱས་ནས། རྒྱ་ཆེའི་མང་ཚོགས་རང་འགུལ་ངང་སྡོང་འཛུགས་ནགས་སྐྲུན་ནང་ཞུགས་པའི་བརྩོན་སེམས་ཆེ་རུ་བཏང་ཡོད། ལོ་ལྟར་ལས་བྱེད་པ་དང་མང་ཚོགས་ཁྲི2ལྷག་ཙམ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའི་ནང་ཞུགས་ནས་གཞི་ཁྱོན་ཆེ་བའི་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་གྱིན་ཡོད་ལ། ལས་བྱེད་པ་སོ་སོསལེགས་སྐྱེས་འབུལ་འདོད་པ་དང་གཞན་གྱི་སྔོན་ལ་སྐྱོད་ཕོད་པའིསྐལ་བཟང་གི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས་ཉིན་མཚན་དབྱེར་མེད་ཀྱི་བྱ་བའི་ཐད་ལ་འབད་བརྩོན་དང་། ཞང་དང་གྲོང་རྡལ། སྡེ་བ་སོ་སོའི་མང་ཚོགས་ཀྱིས་རང་གི་ལམ་བྲོ་གྲ་སྒྲིག་བྱས་ནས་རང་འགུལ་ངང་རླངས་འཁོར་ནང་བསྡད་དེ་སྡོང་འཛུགས་བྱ་ཡུལ་དུ་བསྐྱོད་དེ་ཚང་མས་མི་རིགས་ཀྱི་དབྱེ་བ་མེད་པ་དང་། ས་ཁོངས་མི་བགར་པར་མཐུན་སྒྲིལ་མཉམ་ལས་བྱས་ནས་སྡོང་འཛུགས་བྱེད་སྒོའི་ཁྲོད་དུ་ཕན་ཚུན་ལ་རོགས་རམ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་བཟང་པོ་ཆགས་ནས་རྫོང་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་བར་རྒྱབ་སྐྱོར་དང་སྟོབས་ཤུགས་ཆེན་པོ་སྦྱིན་ཡོད།

དོ་དམ་ནན་སྲུང་བྱས་ནས་བཟོ་སྐྲུན་གྱི་རྒྱུ་སྤུས་ཁག་ཐེག་བྱེད་དགོས། ཡུལ་བབ་དང་ས་ཆ། ནགས་ཚལ་བཅས་དང་འཚམ་པའིརྩ་དོན་གཞིར་བཟུང་སྟེ། རྒྱུད་བཟང་སྡོང་ཕྲུག་བཀོད་སྒྲིག་བྱས་ནས། ས་གནས་དེའི་རྒྱུད་བཟང་སྡོང་ཕྲུག་འདེམས་པ་དང་། འཛུགས་པ། ཆུ་གཏོང་བ་བཅས་ཀྱི་བྱ་བ་མཐའ་དག་ལེགས་པོ་སྒྲུབ་ནསའགན་ལེན་ལྔའིའགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཡོད། སྡོང་འཛུགས་ནགས་སྐྲུན་གྱི་འགན་འཁུར་བས་དུས་ངེས་ཅན་དང་ངེས་མེད་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་དང་། ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བརྒྱབ་ནས་སྐོར་ཞིབ་བྱས་ཏེ་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་ཏུ་སྡོང་ཕྲུག་གསོན་ཚད90%ཡན་ལ་སླེབས་ཡོད།

ལས་ཆོད་ཇེ་མགྱོགས་སུ་བཏང་ནས་སྡོང་འཛུགས་ནགས་སྐྲུན་གྱི་ཕན་འབྲས་ཁག་ཐེག་བྱེད་དགོས། དུས་ཚོད་དམ་འཛིན་བྱ་རྒྱུ་དེ་སྡོང་འཛུགས་ནགས་སྐྲུན་གྱི་འགག་རྩར་བརྩིས་ནས་སྡོང་འཛུགས་ནགས་སྐྲུན་གྱི་དུས་ཚིགས་བཟང་བའི་ཁྱད་ཆོས་ལ་གཞིགས་ཏེ། སྔ་མོ་ནས་ཇུས་འགོད་དང་གྲ་སྒྲིག་བྱས་ཏེ་འཆར་འགོད་གནས་ཚུལ་སྔར་ལས་ཞིབ་ཕྲ་བཟོ་བ་དང་། རྩིས་ཁྲ་འཐེན་པ། དུས་ཚོད་གཏན་ཁེལ་བྱེད་པ། ས་ཆ་འདེམས་པ་དང་།ས་ཁོད་སྙོམས་པ། སྡོང་ཕྲུག་ཉོ་བ་སོགས་ཀྱི་ལས་ཀ་ལེགས་པོར་སྒྲུབ་ནས་འདེབས་འཛུགས་བརྒྱུད་རིམ་ཁྲོདའཕྲལ་མར་སྐྱེལ་འདྲེན་དང་། འཕྲལ་མར་འཛུགས་པ། དུས་ཐོག་ཏུ་ཆུ་གཏོང་བ་བཅས་ཀྱི་རེ་བ་ལྟར5+2ཉིན་མཚན་དབྱེར་མེད་ཀྱི་བྱ་བའི་ཐད་ལ་འབད་བརྩོན་གྱི་སྤྱོད་བཟང་དར་སྤེལ་བཏང་སྟེ། སྡོང་འཛུགས་ནགས་སྐྲུན་གྱི་ལས་འགན་མཐའ་དག་ལེགས་འགྲུབ་བྱས་ཡོད།

དོ་དམ་གཙོར་བཟུང་ནས་ལྗང་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།བདག་གཉེར་དོ་དམ་གྱི་བྱ་བ་གཙོ་གནད་དུ་བཟུང་ནས་གཅན་ཚའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཅན་ཚ་རྫོང་གི་སྡོང་འཛུགས་ལྗང་སྒྱུར་གྱི་བདག་གཉེར་དོ་དམ་གྱི་བྱ་ཐབསགཏན་འབེབས་བྱས་ཏེ། ཞང་དང་གྲོང་རྡལ། ནགས་ལས་ཁང་། ནགས་ཚལ་སྲུང་སྐྱོབ་ས་ཚིགས། ནགས་སྲུང་མི་སྣ་བཅས་ལ་སྡོང་འཛུགས་ནགས་སྐྲུན་ཁུལ་གྱི་བདག་གཉེར་དོ་དམ་གྱི་ལས་འགན་ཁག་བགོས་ནས་འགན་གཙང་ལེན་བྱས་ཏེ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བ། སྐྱེ་ཁམས་འཛུགས་སྐྲུན་གྱི་བྱ་བ་རྒྱུན་འཁྱོངས་བྱས་ནསཟླ་དང་པོར་ཞིབ་བཤེར་ཐེངས་རེ་དང་།ཟླ་གཉིས་པར་དཔྱད་བསྡུར་གཏན་ཁེལ་ཐེངས་རེ། དུས་ཚིགས་རེར་དཔྱད་ཞིབ་ཚད་བསྡུར་ཐེངས་རེབཅས་ཀྱི་བྱ་དགའ་ཆད་གཅོད་ཀྱི་བྱ་ཐབས་སྤྱད་དེ་སྡོང་འཛུགས་ལྗང་སྒྱུར་གྱི་བདག་གཉེར་ད