首页 > 政务公开 > སྲིད་གཞུང་གི་ཆ་འཕྲིན།
(2021ལོའིཨང60པ)གཅན་ཚ་རྫོང་གིས2021ལོའི་སྲིད་གཞུང་སྡེ་ཁག་གི་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས།
来源:尖扎县人民政府办公室     时间:2021年05月19日    

ཨང60པ

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།                       2021ལོའི་ཟླ5པའི་ཚེས8ཉིན།



ཟླ5བའི་ཚེས་8ཉིན། རྫོང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ནོར་བུ་རྒྱ་མཚོས་སྲིད་གཞུང་སྡེ་ཁག་གི་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ།  ཁྱོན་ཡོངས་ནས་ཞིང་ཆེན་དང་ཁུལ་གྱི་སྲིད་གཙང་བྱ་བའི་དགོངས་དོན་དོན་འཁྱོལ་ཡོང་བར་བྱས་ལ2021ལོའི་རྫོང་སྲིད་གཞུང་གི་སྲིད་གཙང་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས། རྫོང་དཔོན་གཞོན་པ་ཁག་དང་གཞུང་ལས་ཁང་གི་ཀྲུའུ་རིན། ཀྲུའུ་རིན་གཞོན་པ་ཁག  ཞང་དང་གྲོང་རྡལ་གྱི་འགོ་གཙོ་ཁག། རྫོང་སྲིད་གཞུང་གི་སྡེ་ཚན་ཁག་དང་རིམ་པ་གཉིས་པའི་ཅུའུ་དང་རྫོང་དུ་བཅའ་སྡོད་ཀྱི་ཞིང་ཆེན་དང་ཁུལ་གྱི་ཁེ་ལས་ལས་དོན་སྡེ་ཚན་གྱི་འགན་ཁུར་བ་གཙོ་བཅས་མི་སྣ160ལྷག་ཚོགས་འདུར་ཞུགས། རྫོང་དམངས་ཆེན་དང་སྲིད་གྲོས། སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་ཀྱང་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཏེ་ལམ་སྟོན་བྱས།

ཚོགས་འདུའི་སྟེང་།  མར་ཁུ་ཐང་གྲོང་རྡལ་དང་གདོང་སྣ་གྲོང་རྡལ། རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུའུ།  རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་བཅས་ཀྱི་འགན་ཁུར་བ་གཙོ་བོས་རིམ་པ་བཞིན་དུ་སྲིད་གཙང་བྱ་བའི་ཐད་ནས་གཏམ་བཤད་བྱས།  རྫོང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ནོར་བུ་རྒྱ་མཚོས2020ལོའི་སྲིད་གཞུང་སྡེ་ཁག་གི་སྲིད་གཙང་འཛུགས་སྐྲུན་བྱ་བར་ཕྱོགས་སྡོམ་བྱས་པ་དང2021ལོའི་རྫོང་སྲིད་གཞུང་གི་སྲིད་གཚང་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས་པ་མ་ཟད།  རྫོང་དཔོན་གཞོན་པ་ཁག་དང་ཞང་དང་གྲོང་རྡལ་གྱི་འགན་ཁུར་བ་གཙོ་བོ་དང་མཉམ་དུ2021ལོའི་གཅན་ཚ་རྫོང་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་འགན་ཁུར་ཡི་གེལ་མིང་རྟགས་བཀོད།

གྲོས་ཚོགས་ལས། ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས། ཁྲིམས་སྐྱོང་དང་སྲིད་གཙང་། ནུས་ལྡན་བཅས་ཀྱི་སྲིད་གཞུང་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་འཛིན་དགོས་པ་དང་།  ཁྲིམས་ལྟར་སྲིད་འཛིན་པ་དང་གནས་ཡོད་ཁྱབ་ཁོངས་ཀྱི་ལྟ་རྟོག་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་དགོས་ཏེ། གཅིག་ནིསྲིད་གཙང་འཛུགས་སྐྲུན་གྱི་གཙོ་འགན་དངོས་འབེབས་གང་ལེགས་བྱེད་དགོས།  རྒྱུན་མཐུད་ནསའདུ་ཤེས་བཞིསྲ་བརྟན་དུ་གཏོང་བ་དངཡིད་ཆེས་བཞིབརྟན་པོ་འཛུགས་པ། སྲུང་སྐྱོང་གཉིསལེགས་པར་སྒྲུབ་པ་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱིའགན་ཁུར་བ་དང་པོའིའགན་ཁུར་དང ལས་གནས་གཅིག་ལ་འགན་ཁུར་གཉིསལག་ལེན་ནན་མོ་བྱེད་དགོས་ལ།  སྒྲིག་ཁྲིམས་ཀྱི་འདུ་ཤེས་ནན་སྲུང་བྱས་པ་བརྒྱུད། རང་སྣང་གང་ཤར་དང་འདོད་འདོད་དྲན་དྲན་བྱེད་པ་རྩ་བ་ནས་བཀག་འགོག་བྱེད་དགོས། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ་དང་། དམངས་གཙོ་གཅིག་བསྡུ་ལམ་ལུགས་ལག་བསྟར་དང་ཐོག་མཐའ་བར་གསུམ་དུ་ཐུན་མོང་འགོ་ཁྲིད། དམངས་གཙོ་གཅིག་བསྡུ། མི་སྒེར་གྱི་གྲོས་འདོན། གྲོས་ཐོག་ཐག་གཅོད་བཅས་ཀྱི་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གྲོས་དོན་ཇུས་གཅོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། གཉིས་ནི་སྟོབས་ཤུགས་ཆེན་པོས་ཁྲིམས་ལྟར་སྲིད་འཛིན་དགོས། ཞང་དང་གྲོང་རྡལ་ཁག་དང་སྡེ་ཚན་ཁག་གིས་རང་ཉིད་ཀྱི་འགན་དབང་དངགཏན་ཁེལ་གསུམགྱི་འཆར་ཟིན་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་ཁེལ་བྱས་པའི་འགན་ཁུར་དང་སྦྲེལ།  སྲིད་འཛིན་ཐག་གཅོད་གལ་ཆེན་ཁག་གི་བྱ་རིམ་གྱི་གནས་སྐབས་སྲོལ་ཡིགལག་བསྟར་ནན་མོ་བྱས་ཏེ།  ཐག་གཅོད་བཀོད་སྒྲིག་དོན་འཁྱོལ་ཐུབ་པར་བྱེད་དགོས། སྲིད་འཛིན་ཁྲིམས་བསྟར་གྱིལམ་ལུགས་ཁག་གསུམལག་བསྟར་ནན་མོ་བྱས་ཏེ། སྲིད་འཛིན་ཁྲིམས་བསྟར་གྱི་ངེས་དོན་དཔྱད་ཞིབ་སྒྲིག་སྲོལ་དང་སྲིད་འཛིན་ཞུ་གཏུག་གྱོད་དོན་གྱི་གྱོད་ཕམ་ཁུངས་འདེད་སྒྲིག་སྲོལ།  ཁྲིམས་བསྟར་གནས་ཚུལ་གྱི་དཔྱད་འཇོག་སྒྲིག་སྲོལ་བཅས་འཛུག་དགོས་པ་དང་།  སྲིད་འཛིན་ལས་དོན་ཁག་གི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་གང་ལེགས་བྱས་པ་བརྒྱུད།  སྐབས་བསྟུན་གཉིས་དང་མངོན་བསྒྲགས་གཅིགགི་ལྟ་རྟོག་དོ་དམ་སྒྲིག་སྲོལ་ལག་བསྟར་ནན་མོ་བྱས་ཏེ། ལས་རིམ་ཇེ་ཉུང་དང་གོ་རིམ་གསལ་བོ། དུས་ཚོད་གྲོན་ཆུང་།  ལས་ཆོད་ཇེ་མཐོར་གཏོང་ཐུབ་པར་བྱེད་དགོས། གསུམ་ནི་གནད་ཡོད་ཁྱབ་ཁོངས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་རྒྱག་དགོས།  ལས་གཞིའི་ཐག་གཅོད་དང་ཞིབ་བཤེར་ཆོག་མཆན། ལག་བསྟར་བཅས་ཀྱི་གོ་རིམ་ཡོངས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་བརྒྱབ་ནས་བཟོ་སྐྲུན་གྱི་དམིགས་འགུག་དམིགས་འཇོག་དང་གན་རྒྱ།  སྔོན་རྩིས་དང་ངེས་རྩིས། ལྟ་རྟོག་དོ་དམ་སོགས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱེད་དགོས། སྤྱི་བའི་ཐོན་ཁུངས་ཀྱི་ཉོ་འཚོང་གཅིག་གྱུར་ཚད་ལྡན་དང་ལྟ་རྟོག་དོ་དམ་ནུས་ལྡན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།  བཟོ་སྐྲུན་ལས་གཞིའི་དམིགས་འགུག་དམིགས་འཇོག་དང་སྲིད་གཞུང་གི་ཉོ་སྒྲུབ།  ཁང་སའི་བེད་སྤྱོད་བདག་དབང་དང་གཏེར་ཁའི་ཐོན་དབང་ཕྱིར་འཚོང་ལ་སོགས་པའི་སྤྱི་བའི་ཐོན་ཁུངས་ཉོ་འཚོང་ལས་གཞི་ཚང་མ་སྤྱི་བའི་ཐོན་ཁུངས་ཀྱི་ཉོ་འཚོང་སྟེགས་བུའི་ནང་དུ་ཆུད་པར་བྱས་པ་བརྒྱུད།  སྟེགས་བུ་ཁོ་ནའི་སྟེང་དུ་ཉོ་འཚོངབྱེད་དགོས།  སྔོན་རྩིས་ཀྱི་དོ་དམ་དང་ཚོད་འཛིན་ལ་ཤུགས་བརྒྱབ་ནས། སྤྱིར་བཏང་རང་བཞིན་གྱི་འགྲོ་གྲོན་ཇེ་ཉུང་བཏང་སྟེ། ངེས་པ་དོན་གྱིསགཞུང་སྤྱོད་གྲོན་དངུལ་ཁག་གསུམཇེ་ཉུང་ལས་ཇེ་མང་དུ་མི་གཏོང་བ་བྱེད་དགོས།  དེ་མ་ཟད་རྩིས་བཤེར་ལྟ་རྟོག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད།  སློབ་གསོ་དང་སྨན་བཅོས། ལས་ཞུགས་ལ་སོགས་པའི་སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་དམིགས་སུ་བཟུང་སྟེ།  སྤྱོད་སྟངས་བཞིདངནུས་མེད་དང་ལེ་ལོ།  སྒྱིད་ལུག འགོར་འགྱངསབྱེད་པ་སོགས་མང་ཚོགས་ཀྱིས་བསམ་འཆར་མང་བའི་གནད་དོན་དག་རྒྱུན་མཐུད་ནས་དག་ཐེར་བྱས་པ་བརྒྱུད། དམངས་ཕན་གྱི་སྲིད་ཇུས་ཚང་མ་ལག་བསྟར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། བཞི་ནི་རྒྱུན་མཐུད་ནས་སྲིད་གཞུང་གི་སྲིད་འཛིན་ནུས་པ་ཇེ་མཐོར་གཏོང་དགོས། རྫོང་སྲིད་གཞུང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དག་གིས་མིག་དཔེ་བཟང་པོ་བསྟན་ཏེ།  ཡུལ་དངོས་སུ་སོང་ནས་གནད་དོན་འཚོལ་ཞིབ་དང་ཞིབ་འཇུག  ཐག་གཅོད་བཅས་བྱེད་དགོས་པ་དང་། གཙོ་གནད་ཀྱི་བྱ་བར་སྐུ་དངོས་སུ་བཀོད་སྒྲིག་དང་རྩིས་ལེན་བྱེད་དགོས། ཞང་དང་གྲོང་རྡལ་ཁག་དང་སྡེ་ཁག་སོ་སོའི